གྲྭ་རྐྱང་སྐབས་སུ་འཁྲིག་སྤྱོད་ཐོག་མར་བཟོས་པའི་གྲྭ་ཆུང་ཞིག་གི་སྐད་ཆ། ང་ལོ་བཅུ་དགུ་ཙམ་ལ་སོན་པ་ན། བུ་མོ་ཞིག་དང་ལྷན་དུ་འཁྲིག་སྦྱོར་བསྟེན། དེ་དུས་ང་དགོན་པའི་ཆེད་སྦྱོང་གི་སློབ་མ་ཡིན་ཅིང་ཁོ་མོ་ལ་ཤིན་ཏུ་དུང་། སྐབས་དེར་ངས་དོན་མེད་ཀྱི་བསམ་ཚུལ་ཞིག་ཡིན་པ་ལས་ཀུན་ལའང་འཛེམ་བག་བྱེད་དོན་མེད་སྙམ་པས། འཆར་གཞི་དང་བགྲོད་གླིང་གང་ཡང་མེད་པར་ངེད་གཉིས་འཁྲིག་པའི་ལས་ལ་ཞུགས། དེ་ནི་དངོས་གནས་ཞིམ་མངར་ལྡན་པ་ཞིག་རེད་ལ། བདེ་སྐྱིད་རྣམ་དག་དང་བརྩེ་བ་ལྷད་མེད་རེད། དུས་དེ་ནས་ང་གྲྭ་ལོག་ཏུ་གྱུར། གཟའ་འཁོར་རེར་ལ་ཐེངས་གཉིས་ནས་གསུམ་ཙམ་ལ་འཁྲིག་སྦྱོར་བསྟེན་ཅིང་། འཁྲིག་ཡུལ་ཡང་ཐེངས་དུ་མར་བརྗེ་མྱོང་། ང་འགྱོད་པ་ནམ་ཡང་སྐྱེས་མ་མྱོང་། འོན་ཀྱང་རིམ་གྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཞུགས་པ་ནས་སྔོན་མ་དང་ཅུང་ཟད་མི་འདྲ་བ་གྱུར།
展开阅读全文