སེམས་ཀྱི་མེ་ཏོག། འདན་འོད་ཟེར དབྱར་གྱི་དུས་ལ་སླེབས་སོང་།། ཡིད་དབང་པདྨའི་མེ་ཏོག། མིག་གི་མཐོང་མ་ཐག་ཏུ།། ཡིད་ཀྱི་སྣང་བ་ཤོར་སོང་།། མདང་དགོང་རྨི་ལམ་ནང་ལ།། མེ་ཏོག་བཞད་པ་རྨིས་བྱུང་།། རྨི་ལམ་འཁྲུལ་བ་མིན་ན།། བུ་ངའི་སེམས་པ་དགའ་སོང་།། ཁྱེད་ཞལ་པདྨའི་འཛུམ་མདངས།། ཡིད་དབང་ལས་ཀྱི་མེ་ཏོག།། གཡུ་སྦྲང་གཞོན་ནུ་དུངས་བ།། མེ་ཏོག་ཁྱེད་ལ་འཁོར་ཡོད།། མཛེས་པའི་མཚོ་སྐྱེས་མེ་ཏོག། ཡིད་དབང་མིག་གི་བདུད་རྩི།། སྦྲང་ཆུང་ང་ཡི་སེམས་པ།། ཁྱོད་དང་མཉམ་དུ་འཚོ་འདོད།།
(2)རྒྱབ་ཕྱོགས་ཀྱི་སྐྲ་ལོ། རྒྱང་ཤེལ། རྒྱབ་ཕྱོགས་ཀྱི་སྐྲ་ལོ་དེ། ནག་ཤིག་ཤིག ནག་ཤིག་ཤིག་ས་སྲོད་ཀྱི་ཟླ་བ། སྤུ་ཉག་རེ་རེ་བཞིན་ཕ་ཡུལ་གྱི་རྐང་ཐང་ནས། འཇིག་རྟེན་གཞན་ཞིག་གི་དྲི་ཆུ་འཇིབ་ལ། འཇིག་རྟེན་དེ་དག་ནས་བཞད་གྱིན་པའི་མེ་ཏོག་གི་ཟེའུ་འབྲུ། ཨ་མའི་ལས་རླུང་ལས་ཡུན་རིང་དུ་བརྒལ། འབྲོག་སྡེ་ཡི་ཕ་ཁྱིམ་ལས། ས་སྲོད་ཀྱི་དུ་སྤྲིན་ལ་དབང་མེད་ཀྱི་གཟུགས་ཕུང་གྲུབ། ས་སྲོད་དེ་དག་ནས་འདར་གྱིན་པའི་རེ་བ་དང་ཁུན་སྒྲ། སུ་ལའང་བཤད་མ་ནུས་པའི་རྨི་ལམ་གྱི་འཕྱོ་ལྡིང་། ག་ལེ་ག་ལེ་རྔས་འགྲམ་གྱི་སྒྲོམ་བུ་དང་འདྲེས་སྟེ། ཕར་གྱི་རྒྱབ་རི་སྨུག་པོ་ལ་རྒྱང་རིང་གི་རྫས་རྡུལ་འབར། ལོ་ཟླ་དག་གིས་འབྲི་གྱིན་པའི་སྐྲ་ལོའང་། སུན་སྣང་ཆེ་བའི་བརྩེ་དུང་གི་རེངས་གཟུགས་ཆགས་ལ། རང་དབང་མེད་པའི་མིག་ཆུ་ཞིག་གི་དྲན་གདུང་འབུལ། ཧ་ཅང་དམར་དྲགས་པའི་སྐྲ་ལོ། ནག་ཤིག་ཤིག་གི་སྐྲ་ལོ།བུ་མོ་མེ་ཏོག་གི་སྐྲ་ལོ། ཝ་ཡེ་མེ་ཏོག་གི་སྐྲ་ལོ། དུས་རབས་ཀྱི་མགོ་འཕང་ཉུལ་བའི་སྐྲ་ལོ།
(3)མེ་ལོང་ནང་གི་ཚེས་རིས མིག་གསུམ་པ ངའི་མེ་ལོང་ནང་གི་ཚེས་རིས་ཡག་ཤོས་དེ་སུ་ཡིན་ནམ གཤོག་པ་ཐོགས་པའི་རྟ་ཕོ་དེ གཡག་རྭ་ནང་ལ་གཏན་ནས་ཤོང་གི་མི་འདུག མ་གཞིར་ས་འབུ་ཞིག་ཡིན་པས རྡོག་བརྫིས་གཏོང་བའང་ཆོས་ཉིད་ཅིག་ལས་མ་འདས ངའི་མེ་ལོང་ནང་གི་གཟུགས་བརྙན་ཡག་ཤོས་དེ་སུ་ཡིན་ནམ རླུང་ལ་བཅིབས་པའི་རྣམ་ཤེས་ནི མཚན་མོའི་རུམ་དུ་ཡེ་ནས་ཉལ་འདོད་མེད་པ མ་གཞིར་བསེར་བུ་འཇག་མ་ཞིག་ཡིན་པས གང་སར་བདས་པའང་ཆོས་ཉིད་རེད་བཞག ངའི་མེ་ལོང་ནང་གི་རི་མོ་ཡག་ཤོས་དེ་སུ་ཡིན་ནམ འབྲུག་སྒྲ་ལྡིང་བའི་བྱེའུ་ཆུང་དེ གྲིབ་སོའི་ཁུགས་སུ་གཏན་ནས་སྡོད་འདོད་མེད་པ མ་གཞིར་སྟོན་ལོ་ཞིག་ཡིན་པས ཆག་ཀྲུམ་བཟོས་པའང་ཆོས་ཉིད་རེད་བཞག
(4) ༼སྐྱེས་སྐར་བསུ།༽ •དམར་གཟུགས། སེམས་ཀྱི་ལོ་མ་དབྱར་ལྗོང་ས་ཀྱི་གཤིས་ཀ། དྭངས་བའི་འཛུམ་མདངས་རྫ་ཆུ་ཡི་འབབ་སྟངས་།། ཨ་མའི་གཅེས་ཕྲུག་ས་སྟེང་གི་བུ་ལོ།། ང༵ག་དབྱངས་འགྲིམ་པའི་ཨ་ཕ་ཡི་སྙིང་ལྕགས།། འཇིག་རྟེན་མཐོང་བའི་ཉིན་ཞག་དེ་སླེབས་དུས།། དགའ་ལ་སྡུག་ཀྱང་འགྲོ་བ་ཡི་ཆོས་ཉིད།། ཨ་མའི་སྙིང་རྩ་ཕ་ཡུལ་གྱི་གཅེས་ཕྲུག། དབ༵ང་འབྱོར་སྟོབས་ཤུག་ཨ་ཕ་ཡི་རྗེས་འཛིན།། དམར་མདངས་བགོས་པའི་ཐུབ་པ་ཡི་སྲས་པོ།། འཛུམ་དཀར་འཕྲོ་བའོ་བཅོ་ལྔ་ཟླ་བ།། སེམས་པའི་གསེབ་ནས་སྐྱེ༵ས་སྐ༵ར་དེ་བསུས་ཡོད།། གྲ༵གས་པའི་བ་དན་ལ་རྩེ་ཡི་རྡོ་རིང་།། སྐྱེས་སྐར་བསུ་སྟངས་དེང་སོང་གི་ལམ་ལུགས།། སྐྱེས་སྐར་སྙིང་བཅུད་ཨ་མ་ཡི་བཀའ་དྲིན།། སྐྱེས་སྐར་ཟླ་གོར་ཨ་ཕ་ཡི་བཀའ་དྲིན།། སྐྱེས་སྐར་ཤིག་ཚིག་གྲགས་པ༵་ལ་ཕུལ་ཡོད།།
(5)རྩྭ་ཐང་གི་འཚོ་བ།། བཀྲ་ཤིས་དབང་རྒྱལ། ཞོགས་པའི་བསུལ་རླུང་གཡོང་བའི་རྩྭ་ཐང་ནས།། མེ་ཏོག་སྣ་ཚོགས་བཀྲ་བའི་མདངས་གསལ་ལ།། ཡིད་ཡོང་དཔྱིད་ཀྱི་ཕོ་ཉའི་རོལ་དབྱངས་ཀྱིས།། བརྩེ་ལྡན་ཨ་ཁུ་ཉི་མའགྲོན་དུ་བོས།། སྦྲ་ནག་གྲི་བཞིས་རྐང་པ་རིང་བརྐྱངས་ནས།། ལྷིང་འཇག་ནེའུ་གསིང་སྟེང་དུ་བརྗིད་ཉམས་ཞིག། འཛུམ་འཆང་ལུག་རྫི་བུ་མོའི་མཆུ་སྒྲོས་ཀྱིས།། སྙན་འགྱུར་སྟོང་གི་དབྱངས་རྟ་ངག་ལས་གྲོལ།།
(6)པོ་ཏ་ལ། མེ་ཁོལ། ཁྱོད་ནི་མི་ཞིག་ཡིན་པའི་ཟོལ་འདྲ་བདག་ལ་གསོན་སྙིང་འདོན།། དེ་ལས་བདག་གི་སྙིང་སྡུག་ཞིག་གི་ཚུཊ་ཀ་འཛིན་པར་བྱེད།། དེ་ནི་ཚེ་རབས་སྔོན་མའི་བཊ་ཆཊ་ཟབ་མོའི་འཁྲེང་ཞེན་ཏེ།། བདག་ནི་ཁྱོད་ལ་དུངས་དུངས་ཕ་མཁའ་དམར་པོ་པོ་ཏ་ལ།། ཁྱོད་ནི་ཡབ་མེས་དག་གི་རྔུལ་ཆུས་བསཊ་པའི་རི་བོ་ཞིག། ཁྱོད་ནི་དམ་ཆོས་བདེན་པའི་བྱིན་རླབས་འཛར་བའི་རྒྱ་མཚོ་ཞིག། ཁྱོད་ནི་རིགས་ཞེན་དཔའ་བོའི་རྣམ་ཤེས་འཁྲིལ་སའི་མཛའ་ན་སྟེ།། ཁྱོད་ནི་དྲོད་རླབས་འཐུལ་བའི་བདག་གི་སྙིང་ཤ་པོ་ཏ་ལ།། གངས་ཀྱི་ཟེགས་མ་སྤུད་ཁའི་མཐོ་སྒང་ཕོ་བྲང་པོ་ཏ་ལ།། ལོ་ཟླའི་འགྱུ་བག་བརྩེཊ་མའི་མག་མོག་དག་གི་མུན་ཀློང་ནས།། བཙན་དབང་མཆེ་སྡེར་གཟེངས་བར་ཐུཊ་ཀྱི་སྒོམ་དཀྱེལ་མཛད་བཞིན་དུ།། སྒལ་ཚིག་རྡོ་བའི་སྲ་མཁྲེགས་སྔར་བཞིན་བརྟན་པ་བཞུགས་ལཊ་སམ།།
(7)དབྱར། ཀུན་དགའ། ཀུན་ཁྱབ་དྭངས་བསིལ་མེ་ཟླུམ་དཀྱིལ་འཁོར་འཕྲོ།། ནགས་ཀླུང་ཆུ་སྐྱོབ་གཡུ་ལོ་རྒྱན་གྱི་སྤྲས།། མཛེས་ལྗོངས་བསིལ་རླུང་གཡོ་བའི་གནས་གཙང་དུ།། བསིལ་འཇམ་མེ་ཏོག་གཙང་དྲི་སྲིད་གསུམ་རྒྱན།། གནས་མཆོག་ཕྲ་རྒྱན་རྩི་ཤིང་དཔལ་གྱི་རྒྱས།། བྱེའུ་གསུང་སྐད་སྙན་པའི་སྒྲ་དབྱངས་ཀྱིས།། སྲོག་ལྡན་ཚོགས་ཀྱི་དགའ་ཉམས་མེེ་ཏོག་སྟེང་།། ཕྱེ་ལེབ་མེ་ལྡུམ་ཕྱོགས་སུ་ལེགས་ཅིག་འཕུར།།
(8)འབྲོག་ཕྲུག་དགྱེས་གླུ། འབྲོང་གཞོན། དམར་སེར་མཚམས་སྤྲིན་གསལ་བའི་མཐོ་སྒང་གི་ཞོགས་ཀར།། འབྲོག་མོ་གཉིད་ལས་གྲོལ་ཏེ་ཞལ་ཁྱིམ་གྱི་པདྨོ།། འཛུམ་སྟེ་འགྱུར་ཁུགས་བུང་བའི་དྲུག་ལ་འགྱུར་ལ་རོལ་ཞོར།། འབྲུ་མོའི་འོ་མ་འཇོ་བའི་སྟངས་སྟབས་དེ་མཛེས་པ།། གངས་དཀར་ར་བའི་འདབས་ནས་ན་སོན་གྱི་བུ་ངས།། ཆུ་འཛིན་དར་གྱིས་སྤྲས་པའི་རི་རྩེ་ལ་བཞུད་ནས།། ལྷ་ཤིང་ཤུག་པའི་ལྷ་བསང་དཀོན་མཆོག་ལ་གསོལ་ཏེ།། མ་གྱུར་རིཊ་དྲུག་བདེ་བའི་བསྔོ་བ་རུ་བརྒྱབ་ཡོད།།
(9)བྲེ་སེ་འབྲོང་། བཙན་འབྲོང་སྨྱོན། མེ་ཟླུམ་ནུབ་རི་མ་ཡལ་མཚམས་ཐོག་ནས།། འཚུབ་འཚུབ་འབྲོང་སྨྱོན་རྭ་རྩེ་དགུང་གཏད་དེ།། དམར་པོའི་ཉི་འོད་ལྷན་ཅིག་འཆོང་ལྡིང་བྲེལ།། ཁྲག་རྒྱས་མིག་རྩ་དམར་ལ་སྡང་མིག་བགྲད།། སྲ་མཁྲེཊརྡོ་རྗེ་རྨིག་པའི་ལྡིར་སྒྲ་མཆོག། དབྱར་རྔ་འབུམ་གྱི་སྒྲ་ཡང་བག་ཡོད་འགྱུར།། མེ་སྟག་ཕྲོས་འདྲ་སྣ་ཡི་ཕུ་སྒྲ་སྒྲོགས།། མཚར་སྡུག་བྲེ་སེ་འབྲོང་གི་སྤུ་རིས་སྨུག།
展开阅读全文