མཇལ་དཀའ་བའི་གསེར་ཞལ།
རྒྱལ་བ་མཚོ་སྐྱེས་རྡོ་རྗེ་དང་། རིག་འཛིན་བརྒྱུད་པའི་ཐ་ཚིག་ཅན། མཐུ་ཆེན་ཡུལ་ལྷའི་གཙོ་བོ་ཆེ། རྨ་གཉན་སྦོམ་ར་འཁོར་དང་བཅས། གསོལ་ལོ་མཆོད་དོ་མངའ་གསོལ་ལོ། བསྲུང་སྐྱོབ་སྡོང་གྲོགས་གཡེལ་མེད་མཛོད།
ཤར་ཕྱོགས་གངས་རིའི་རྩེ་རྒྱལ་ནས། འདིར་གཤེགས་བརྒྱན་པའི་མཆོད་གཏོར་བཞེས། རིགས་རྒྱུད་བཙན་དར་ཆེ་བ་དང་། མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལ།
རྨ་རི་རབ་དཀར་གངས་རིའི་རྩེ་མོ་ནས། བཀྲ་གསལ་འཇའ་འོད་འཁྱིལ་བའི་གུར་ཁང་ནས། སྲས་མཆོག་དམ་ཅན་རྨ་སྡེ་རོལ་བ་དགུ ཡུམ་མཆོག་རབ་མཛེས་སྨན་བཙུན་ལྷ་མོ་བཅུ། ཡང་འཁོར་འབུམ་བཅས་གནས་འདིར་གཤེགས་སུ་གསོལ།

གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་། བློ་བཟང་རྒྱལ་བའི་དབང་བོས་བཀའ་བསྒོས་ཤིང་། བསྟན་པ་སྐྱོང་མཛད་ལྷ་ཡི་དགེ་བསྙེེན་ཆེ། འཁོར་བཅས་ཐོག་མ་མེད་པར་གཤེགས་སུ་གསོལ།

རྣམ་འདྲེན་ཐམས་ཅད་གཟིགས་པའི་སྤྱན་སྔ་རུ། དང་པོ་ཐུགས་བསྐྱེད་ས་བཅུའི་མཐར་སོན་ཡང་། འབྲོག་གནས་ཚུལ་བཟུང་རྨ་ཆེན་སྦོམ་ར་ཞེས། ཆོས་འཁོར་སྐྱོང་མཛད་སྲུང་མ་ཁྱེད་ལ་བསྟོད།

ཧྲཱི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། ། རྫོགས་སངས་རྒྱས་ཀྱིས་དབུ་ལ་རྒྱན།། ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས།། སྤྱན་རས་གཟིགས་ལ་གསོལ་བ་འདེབས།། 🙏🙏🙏
展开阅读全文