སྙིང་མདེའུ་[DanZen]
+ 关注 已关注 相互关注
10月30日 2016

(1) [སེམས་ཀྱི་ཆར་ཞོད།]

࿐སེམས་ཀྱི་དབྱར་གཞུང་། ✒️_____བཙན་ལྗང་རྡུང་། སྦྲང་མས་ཉིང་བཅུད་འཚོལ་བའི་སེམས་ཀྱི་དབྱར་གཞུང་ན། ། དབང་མེད་ཡིད་ཆུང་འཕྲོག་པའི་སྙན་ཚིག་འདབ་བརྒྱ་བཞད། ། ལུས་སེམས་ལྷོད་ཀྱི་སྡོད་པའི་ཡིད་ཀྱི་ཆར་དུས་སུ། ། རྩོམ་རིག་ངག་གི་རླབས་ཕྲེང་སེམས་ཀྱི་མཚོ་སྟེང་འཕྱོ། ། རྩོམ་རིག་མེ་ཏོག་བཞད་པའི་སེམས་ཀྱི་དབྱང་གཞུང་ན། ། སྡེབ་ལེགས་ཚིག་གི་ཡུལ་ལྗོངས་མཐོང་བའི་ལམ་ན་མཛེས། ། སྙན་ཚིག་བུང་བའི་དབྱངས་རྟས་ཐོས་འཛིན་དབང་པོ་འཕྲོག ། བརྗོད་བཟང་སེམས་ཀྱི་དགའ་སྐྱོས་ཡིད་དབང་ཁད་ཀྱིས་བཀུག ། ལྷོད་སེམས་དལ་གྱིས་སྡོད་པའི་ངལ་གསོའི་དུས་བསྟུན་ནས། ། སྙན་འཇེབས་ངག་གི་ལམ་ལ་བརྟུན་པའི་ཆར་འབེབས་པས། ། ངེད་ཚང་སེམས་ཀྱི་དབྱར་གཞུང་མཛེས་སྡུག་ཆེས་བཀྲ་སྟེ། ། དགའ་སྐྱོ་སེམས་ཀྱི་ཚོར་སྣང་སྨྱུག་རྩེར་མཚོན་པར་སྨོན། །

སྙིང་གི་ལྷ་མོ། ཚིག. འབོད་སྙིང་། ན་ཆུང་རྒྱུར་སྐར་ཁྲོད་ནས།། སྙིང་གྲོགས་ཟླ་བ་གཞོན་ནུས།། བཅོས་མིན་གཤིས་རྒྱུན་འཇམ་པོའི།། འཛུམ་དཀར་བདག་ལ་སྟོན་བྱུང་།། བདག་ཡིད་འོ་མཚོའི་ཀློང་ན།། མཛའ་བརྩེ་ཆུ་སྐྱེས་ཨུཏྤལ།། བསླུ་བྲིད་རྡུལ་གྱིས་མ་གོས།། དུང་བའི་སྙིང་བཅུད་སྨིན་སོང་།། མི་ཚེ་མ་རྫོགས་བར་དུ།། མཛངས་མ་སྙིང་གི་ལྷ་མོ།། སྐྱིད་སྡུག་མཉམ་མྱོང་ཡོང་བ།། སྔོན་ལས་ཞིག་གི་བསྐོས་སོང་།།

སེམས་ཀྱི་དབྱར་གཞུང་། དུངས་རླབས་ཟེཊ་མས སྤྲིན་གྱི་དུམ་བུ་ཁོང་ན་དྲི་བྲལ་ཆར་གྱི་ཕུང་བོ་འཁྱིལ།། བསིལ་རླུང་ཡོམ་ཡོམ་སྐྱོམ་པས་སྤྲིན་གྱི་གྲུ་གཟིངས་ཁུང་བུར་གཏོར།། ཆར་བ་ཤག་ཤག་འཕྱོ་བས་འཛིན་མའི་དྲི་ངད་འདག་དང་ལྷན།། ལྷ་ཡི་རོལ་ཆའི་མེ་ཏོག་སེམས་ཀྱི་དབྱར་གཞུང་ཡུག་ཅིག་བཞད།། དགའ་བ་སེམས་ཀྱི་དགོད་སྒྲ་འཕྱོ་བའི་ཚིག་གི་འཛུམ་རིས་ཅན།། སྐྱོ་བ་ཚོར་ཀློང་བསྣུན་པའི་དབྱངས་ཀྱི་གཞུང་རྟ་ཉམས་དོད་པོ།། ཆགས་དང་སྡང་བ་རེག་མྱོང་བྱིན་པའི་ངག་གི་ལང་ཚོ་སྟེ།། ཡིད་དགའ་ཚོམ་བུ་སེམས་ཀྱི་དབྱར་གཞུང་ཕང་བར་མཆིས།། གཞིས་ཆུང་སེམས་ཀྱི་དབྱར་གཞུང་ཚོར་འདུའི་འདུ་འགོད་དེ།། གཞོམ་མེད་གཡུ་དྲུང་གཟི་མདངས་ཆེས་ཆེར་བརྟས་པ་ཡི།། སྨོན་པ་དབྱངས་ཀྱི་མགུར་མ་ཀུན་ནས་རབ་མཆེད་ཅིང་།། ངག་གི་ལྷ་མོས་དངོས་གྲུབ་སྟོབས་པས་ལྷན་པར་མཛོད།།

展开阅读全文


阅读 828 投诉
糖水设置
原创标注
隐藏封面
图片留白
水印
权限
保护 
私密 
公开 

 访客只有输入正确答案才能阅读 
确定
热门评论
写评论

糖水作者
关注本文作者,TA的更多作品
སྙིང་མདེའུ་[DanZen]
创作 10 粉丝 12
关注
查看个人主页
推荐原创
我写我读,原创是内容的灵魂
浏览更多精彩内容
关于糖水 | App | 小程序 | 电脑版

本页面内容由用户上传 | 用户协议

© 2014-2024 糖水APP

忘记密码
2
收藏
投诉
取消
操作
发送
×

作者还没有开通赞赏功能

×

你还没有开通赞赏功能

糖水赞赏实时到账、0手续费