ཟི࿆ལ࿆࿇ཆ࿆ར࿆།
+ 关注 已关注 相互关注
7月4日 2016

དགུ་སྤུན་ལ་སྤྲིང་བ།

བྱང་ཁྲ། ཉེར་ཆར་མདའ་སྨྱུག་གི་དེབ་དང་དེས་བྲིས་པའི་བརྩམས་ཡིན་ཟེར་ཏེ་དྲྭ་ཐོག་དག་ནས་གཅིག་འཕྲོར་ཅིག་གིས་དད་དེ་མང་དག་ཅིག་འབྱུང་བཞིན་འདུག་ལ་དྲྭ་འབུ་ཁག་ཅིག་ཅིག་གིས་རྒྱུད་འགོད་བྱེད་པ་ཡང་ཚོད་ཅིག་མི་འདུག དེ་དག་རེ་རེ་ནས་མཁས་དབང་ཁོང་གི་རྩོམ་ཆོས་དང་ཁོང་གི་དེབ་མིན་པའི་རྒྱུན་མཚན་ལ་དགུ་རོང་སྤུན་གྲོལ་ཚང་གིས་དགག་པ་ནན་གྱིས་བྱས་འདུག་པ་འདི་ཡང་སྤྱིར་ན་གནད་ལ་ཁེལ་བའི་གཏམ་དང་དོན་དུ་དགོས་པའི་ཚིག་རེད་འདུག་ཅེས་ཁོ་བོས་འདི་ནས་ཡང་སྐྱར་ཞུ་སྙིང་སྤྲོ་སོང་། འོན་ཏེ་ད་ཐེང་ཁོང་གིས་<<ཆོས་སྲིད་ཀྱི་ལམ་བུ>>ཟེར་བའི་དེབ་གཟུགས་དེ་ཚ་བ་པའི་གསུང་ཆོས་ཡིན་འགོག་གི་དགག་ཚིག་འདི་ཡི་ཕྱོགས་སྔ་འཛིན་སྟངས་ཀྱི་ཐད་ནས་རང་ཉིད་ཀྱིས་ནང་འགལ་རི་བོ་འདྲ་ཞིག་བྲིས་འདུག་པས་ཕྱིན་ཆད་རྩོམ་ཡིག་འབྲི་ཚེ་ཉམ་ཅུང་ཞིག་འཇོག་རོགས་ཤེས་སྤྱིར་རྩོམ་པ་པོ་ཁོང་དང་། དགོས་སུ་དེང་གི་རྩོམ་པ་པོ་ཡིན་ཟེར་ནས་དྲྭ་བ་དག་ནས་ཉིན་ལྟར་རྒྱུགས་ཀྱིན་པའི་ཁྱུ་ཚོགས་དེ་ལ་ཡང་རེ་བ་རབ་ཅིག་ཡོད། ད་ཐེངས་ཁོང་གིས་བློ་གྲོས་དཔལ་ལྡན་གྱི་དེབ་ཡིན་ཟེར་བའི་<<ཆོས་སྲིད་ཀྱི་ལམ་བུ>> <<ནམ་ཡང་འདྲེ་མི་རུང>> ཞེས་པ་ལ་དགག་རྒྱག་བྱེད་དུས་༼གང་ལྟར་གྲྭ་བ་ཁག་ཅིག་ནི་དངུལ་སྲེད་ཀྱིས་བཞུགས་མ་ནུས་པར་མདའ་སྨྱག་གི་མིང་བརྐུས་ཏེ་དེབ་ཆག་ཅིག་སྒྲིགས། གྲྭ་གཟུགས་འདི་དག་གིས་མདའ་སྨྱུག་གི་མིང་བརྐུས་པ་མ་ཟད་མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་གི་མིང་ཡང་བརྐུས། དེབ་ཆག་འདི་ཚོང་ར་བཀྲམ་ནས་དངུལ་གྱི་ཁེ་གཉེར་རྩིས་འདུག་༽ཅེས་བརྗོད་འདུག་པ་འདི་ལ་ལྟས་ཡོང་ན་དེབ་ཀྱི་པར་རིས་འདི་བཟོ་མཁན་གྲྭ་གཟུགས་འགའ་ཞིག་ཡིན་པར་གསལ་བོ་རེད་འདུག་པས་དགག་ཚིག་གི་མདའ་མོ་འཕན་ཡུལ་ཀྱང་གྲྭ་གཟུགས་འགའ་ཞིག་ཡིན་པ་སྨོས་མེད་རེད་ཀྱང་། དེ་ལྟར་ན་གང་དུ་ཁྱེད་ཀྱིས་རྒྱུན་མཚན་གཉིས་ཀྱི་ཐོག་ནས་དེབ་གཟུགས་འདི་རྫུན་མ་ཡིན་པ་སྒྲུབ་པ་དང་ནང་འགལ་རི་བོ་ལས་དཔང་མཐོ་ཞིང་། ས་གཞི་ལས་ཆོན་ཆེ་བ་ཞིང་སྨྲས་འདུག་ཅེས་ཁོ་བོས་འདི་ནས་གསལ་སྒྲགས་བྱ་ན་སྤོབས་སོང་། ལྟོས་དང་ཧོར་ཚོད་དང་ཧང་རྒྱུགས་བྱེད་པའི་དཔའ་ངར་ལ་ངོ་མ་ཚོད་ཅིག་མ་རེད། དེབ་འདིའི་པར་རིས་བཟོ་མཁན་གྲྭ་གཟུགས་འགའ་ཡིན་པར་ཁྱེད་ཀྱིས་ཐག་ཆོད་ཡོད་དམ། ཡོད་ན་དེ་ཉིད་ཀྱི་མིང་དང་ཕ་ཡུལ་གྱི་ཐོག་ནས་སྨྲོས་ཏེ་ཕྱིན་ཆད་དུ་ཉོག་གཏམ་གླེང་བའི་སྤོབས་པ་རྩར་ནས་མ་བཅོམ་པར་ཕྱོགས་གཞན་ཞིག་ནས་དགག་རྒྱག་བྱས་པ་འདི་སྙིང་རྗེ་སྒོམ་པ་ཡིན་ནམ་ཁྱེད་རང་ལ་དེ་འདྲ་བྱ་བའི་སྤོབས་པས་སྟོང་བ་རེད། ཡང་ན་དགོས་པ་དང་རྒྱུན་མཚན་གྱིས་གུ་ཡངས་བཏང་བ་གང་ཡིན། རང་བློ་རིག་པ་འདིར་ཐིག་སྐུད་གདབ། རང་སེམས་དཔྱོད་ཤེས་འདིས་བསམ་བློ་བཏང་ན་དགོས་དབང་གིས་འཇོག་དགོས་པའི་སྣང་བ་ནི་ཏུལ་འབྲུ་ཙམ་མེད་དེ། འདི་འདྲིའི་རིགས་ཅན་གྱི་མི་ངན་དག་ནི་སྤྱི་ཚོགས་འདི་ནས་སྐར་ཆ་ཅིག་ཏུ་གསོན་ནའང་གནོད་ཚབ་ཆེ་ངེས་སུ་མཐོང་བས་སོ། ཐག་ཆོད་དང་གསལ་མཐོང་གང་ཡང་མེད་ནས་འདི་ལྟར་བཤད་ན་ཁྱེད་རང་སྤོབས་པ་ཆེ་ཁུ་ཟེར་རྒྱུ་ལས་ཅི་ཡང་མེད་དོ། གང་ལྟར་ཐེ་ཚོམ་དང་དོགས་གཞི་ཅན་གྱི་མ་ངེས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་དགག་རྒྱག་བྱེད་པ་གང་དང་། གྲྭ་བ་ཁག་ཅིག་ནི་དངུལ་སྲེད་ཀྱིས་བཞུགས་མ་ནུས་པར་ཞེས་པའི་ཐག་གཅོད་པའི་ཚིག་རིས་སྔ་ཕྱིའི་བར་དུ་ཞེ་འདོད་ལ་སོང་བའི་ནང་འགལ་གཏད་མོ་ཅན་ཞིག་སྟོན་འདུག་ཅེས་སྨྲས་པའོ། ༢༠༡༦/༧/༣/ཉིན།

展开阅读全文

阅读 911 投诉
糖水设置
原创标注
隐藏封面
图片留白
水印
权限
保护 
私密 
公开 

 访客只有输入正确答案才能阅读 
确定
热门评论
写评论

糖水作者
关注本文作者,TA的更多作品
ཟི࿆ལ࿆࿇ཆ࿆ར࿆།
创作 14 粉丝 4
关注
查看个人主页
推荐原创
我写我读,原创是内容的灵魂
浏览更多精彩内容
关于糖水 | App | 小程序 | 电脑版

本页面内容由用户上传 | 用户协议

© 2014-2024 糖水APP

忘记密码
0
收藏
投诉
取消
操作
发送
×

作者还没有开通赞赏功能

×

你还没有开通赞赏功能

糖水赞赏实时到账、0手续费