📖📚 ལྷན་ཅིག་དམིགས་ངེས་སྐབས་ཀྱི་ལུང་ཐོ། (༡) བློ་གསལ་མགུན་རྒྱན་ལས། ༥༦༠ ཁ་ཅིག་ཉེར་ལེན་ཀྱི་ཕུང་བོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྗེས་དཔག་གིས་ཉེར་ལེན་ཀྱི་ཕུང་བོ་རྟོགས་ཟེར་ན། འོ་ན། ཉེར་ལེན་གྱི་ཕུང་བོ་གང་ཟག་གི་བདག་མེད་ཡིན་ཞེས་བརྗོད་པའི་ངག་གི་ཉེར་ལེན་གྱི་ཕུང་བོ་བརྗོད་པར་ཐལ དམ་བཅའ་དེའི་ཕྱིར། འདོད་ན་ཉེར་ལེན་གྱི་ཕུང་བོ་གང་ཟག་གི་བདག་མེད་མ་ཡིན་དགག་ཡིན་པར་ཐལ། དེ་དགག་པ་གང་ཞིག་རང་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་འཕང་བྱར་གྱུར་བའི་ཆོས་གཞན་སྒྲུབ་པ་འཕེན་པའི་ཕྱིར་ཏེ། དེས་ཉེར་ལེན་གྱི་ཕུང་བོ་འཕེན་པའི་ཕྱིར་ཏེ། དེས་དེ་བརྗོད་པའི་ཕྱིར། ཆོས་གྲགས་དགོངས་རྒྱན་ལས།། ༢༢༦ བྱས་པ་ལ་ཁོ་ན་རེ། རི་བོང་ཅན་འཛིན་པའི་རྟོགས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་རི་བོང་ཅན་རྟོགས་ཅན་པར་ཐལ།། ཁྱོད་ཀྱིས་རི་བོང་ཅན་རི་བོང་འཛིན་པའི་རྟོགས་པའི་གཟུང་བྱར་རྟོགས་པའི་ཕྱིར་ཟེར་ན་མ་ཁྱབ།། རྗེ་བཙུན་གྲུབ་མཐའ་ལས།། ཆོས་ཉིད་ལ་མེད་དགག་གིས་ཁྱབ་ཀྱང་། མེད་དགག་གཞན་རྣམས་ཀྱི་མཚན་གཞི་མདོ་སྡེ་བ་དང་མཚུངས་ལ་ཞེས་གསུངས།། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། དེ་ཡང་ཆོས་ཀྱི་བདག་མེད་བསྒྲུབ་པའི་རིགས་པར་གསུངས་པས་ན་ལུགས་འདིར་བདག་མེད་བསྒྲུབ་པའི་རྟགས་གྱི་བསྒྲུབ་བྱ་ལ་མེད་དགག་ཁོ་ན་འཛིན་དགོས་པའི་མ་ཁྱབ་བོ་ཞེས་ཁོ་བོ་ཅག་མགྲིན་པ་བསལ་ནས་འཆད་དོ རིགས་རྒྱན་ལས། ༡༣༡ གལ་ཏེ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོན་འཛིན་ཤེས་པ་རྫས་གཞན་མིན་པར་བསྒྲུབས་པས་ཆོས་ཀྱི་བདག་མེད་མི་འགྲུབ་སྟེ། དེ་གཉིས་རྫས་གཞན་མིན་པར་བསྒྲུབས་པས་ཕྱི་དོན་མི་ཁེག་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། དེ་གཉིས་རྫས་གཞན་མ་ཡིན་པར་བསྒྲུབས་པས། སྔོན་པོ་སྔོན་འཛིན་ཤེས་པའི་བདག་ཉིད་དུ་གྲུབ་ལ། དེ་ལྟར་ན་སྔོན་པོ་ཤེས་པ་ལས་རྫས་གཞན་མིན་པ་དང་། ཕྱི་རོལ་གྱི་དོན་མིན་པར་གྲུབ་པའི་ཕྱིར། གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། ༡༧༣ སྔོན་པོ་དང་སྔོན་འཛིན་ཤེས་པ་གཉིས་ཆོས་ཅན། རྫས་གཞན་ཡིན་པ་ཁེགས་ན་རྫས་གཅིག་ཏུ་གྲུབ་དགོས་པར་ཐལ། སྔོན་པོ་དང་སྔོན་འཛིན་ཤེས་པ་གཉིས་རྫས་སུ་གྲུབ་གང་ཞིག། རྫས་གཅིག་དང་ཐ་དད་ཕན་ཚུལ་སྤངས་བའི་དངོས་འགལ་ཡིན་པའི་ཕྱིར། དྲང་ངེས་ལེགས་བཤད་སྙིང་པོ། ༡༥ དཔེའི་སྐབས་སུ་ཡང་ནམ་མཁའ་གཟུགས་མེད་པ་ཙམ་ལ་འཇོག་པ་བཞིན་དུ་བདག་མེད་འཇོག་པར་གསུངས་པས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲེས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་འཇོག་པར་ཤིན་ཏུ་གསལ་པའི་ཕྱིར། དྲང་ངེས་ལེགས་བཤད་སྙིང་པོ། ༡༦ དེ་ལ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་ཀྱི་ངོ་བ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ལས་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བ་གཅིག་བལྟ་བུར་བྱ་སྟེ། རྣམ་ངེས་དར་ཊཱིཀ་ལས། སྔོན་པོ་དེ་སྔོན་སྣང་དབང་ཤེས་དང་རྫས་ཐ་དད་རྣམ་པར་བཅད་ཙམ་གྱིས་མེད་པར་དགག་པ་ སྒྲུབ་པ་ཡིན་གྱི་མ་ཡིན་དགག་དང་རྫས་གཅིག་སོགས་དངོས་ཀྱི་སྒྲུབ་བྱར་འཛིན་པ་མ་ཡིན་ནོ།། རིག་རྒྱན་ལས། བསྒྲུབ་བྱའི་ཆོས་ཀྱི་དོན་ནི་རྫས་གཞན་བཀག་པ་ཙམ་མོ།། སྡེ་བདུན་རྒྱན་ལས། དེ་བཞིན་དུ་སྔོན་པོ་སོགས་ཀྱང་རང་གི་ཡུལ་ཅན་སྔོན་འཛིན་མིག་ཤེས་སོགས་དང་རྫས་གཅིག་དུ་མ་གྲུབ་ན་ཕྱི་རོལ་དོན་དུ་འདོོད་དགོས་པར་འགྱུར་བས་རྫས་གཅིག་དུ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྒྲུབ་པ་ཡིན་གྱི།། ལྷན་ཅིག་དམིགས་ངེས་ཡིན་མིན་ནམ་དང་དེའི་དོན། ལེགས་བཤད་གསེར་ཕྲེང་ལས།། རྟགས་ཀྱི་དོན་ནི་དེ་གཉིས་དུས་གཅིག་པས་ན་ལྷན་གཅིག་པ། དམིགས་པ་ནི་རྟོགས་པ། ངེས་ནི་གཅིག་ཤོས་རྟོགས་པ་ལ་ཅིག་ཤོས་རྟོགས་པའི་ཁྱབ་པའོ། སྡེ་བདུན་རྒྱན་ལས། དེས་ན་ལྷན་ཅིག་དམིགས་པར་ངེས་པའི་དོན་ནི་འདི་ཡིན་ཏེ། ལྷན་ཅིག་ཅེས་པ་ནི་སྐབས་འདིར་ཡུལ་དུས་གཅིག་པའི་དོན་ཡིན་ན་དམིགས་པ་ནི་ཚད་མས་དམིགས་པ་དང་། ངེས་པ་ནི་ཁྱབ་པའི་དོན་ཡིན་པས། གཅིག་ཚད་མས་དམིགས་པའི་དེའི་དུས་ཚེ་ཅིག་ཤོས་ཀྱང་ཚད་མས་དམིགས་པའི་ཁྱབ་ལ། ཅིག་ཚད་མས་དམིགས་པའི་དུས་དེའི་ཚེ་གཅིག་ཚད་མས་དམིགས་པའི་ཁྱབ་པ། རྟག་ནག་རྣམ་འགྲེལ་ལས། ༦༨༣ སྔོན་པོ་དང་སྔོན་འཛིན་དབང་མངོན་གཉིས་དུས་མཉམ་ཕན་ཚུལ་ཐ་དད་པ་གང་ཞིག། སྔོན་པོ་ཡོད་ན། སྔོན་འཛིན་དབང་མངོན་ཡོད་དགོས། དེ་ཡོད་ན་སྔོན་པོ་ཡོད་དགོས་པ་དེ། སྔོན་པོ་དང་སྔོན་འཛིན་དབང་མངོན་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་མཚན་ཉིད། རྣམ་ངེས་དར་ཊཱིཀ་ལས། ༢༧༩ གཉིས་པ་ནི། ལྷན་ཅིག་པ་ནི་དུས་གཅིག་པ་དང་དམིགས་པ་ནི་རྟོགས་པ་དང་ངེས་པ་ནི་ སྔོན་པོ་རྟོགས་ན་སྔོན་འཛིན་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ལ་སྔོན་འཛིན་རྟོགས་ན་སྔོན་པོ་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ཏུ་སྐྱེས་པ་ངེས་པར་དེའི་རིགས་ལ་གནས་པས་ཁྱབ་པའི་དོན་ཡིན་གྱི།། ཚད་མ་རིགས་རྒྱན། ༡༢༨ སྔོན་པོ་ཆོས་ཅན་ ཁྱོད་སྔོན་འཛིན་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་ཏེ། སྔོན་འཛིན་ཤེས་པ་གང་ཞིག ཁྱོད་དམིགས་ན་སྔོན་འཛིན་ཤེས་པ་དམིགས་པའི་བདག་ཉིད་དུ་སྐྱེས་པའི་ཁྱབ། དེ་དམིགས་ན་ཡང་ཁྱོད་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པའི་ཁྱབ་པའི་ཕྱིར། འདི་ནི་ཆོས་མཆོག་གི་དགོངས་པ་ཡིན་ཏེ། ཆོས་མཆོག་གི་འགྲེལ་བར། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཡིན་གྱི། གཞན་དུ་མིན་ལ་ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཅན་ཡིན་ནོ་ཞེས་གསུངས་སོ། ཐར་ལམ་གསལ་བྱེད་ལས། ༢༥༨ དེས་ན་སྔོན་པོ་དམིགས་པའི་ཚེ། སྔོ་འཛིན་དམིགས་བྱེད་གྲུབ་བདེ་རྫས་གཅིག་ཏུ་ཡོད་པར་ངེས་པའི་ཁྱབ་པ་དང་། སྔོ་འཛིན་དམིགས་པའི་ཚེ་བློ་དེ་ལ་སྔོ་འཛིན་ཁྱབ་མཉམ་གྲུབ་སྟེ། རྫས་གཅིག་ཏུ་ཡོད་པར་ངེས་པའི་ཁྱབ་པ་ཡིན་ནོ། སྔོན་པོ་འཇལ་བའི་དང་། སྔོ་འཛིན་འཇལ་བའི་བློ་ཁྱབ་མཉམ་གྲུབ་བདེ་རྫས་གཅིག་ཡིན་པ་དུས་ནམ་ཡང་འབྲལ་མི་སྲིད་པ་རང་རིག་མངོན་སུམ་ཚད་མས་རྟོགས་པ་ཡིན་ནོ། ཐར་ལམ་གསལ་བྱེད་ལས།༢༥༨ སྔོན་པོ་ཆོས་ཅན། སྔོར་སྣང་ཤེས་པ་ལས་རྫས་ཐ་དད་མ་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཚད་མ་རིག་རྒྱན་ལས། ༡༢༨ རྟགས་ཀྱི་དོན་ནི། ལྷན་གཅིག་པ་ནི་དུས་གཅིག་པ། དམིགས་པ་ནི་རྟོགས་པ། ངེས་པ་ནི་ཁྱབ་པའོ། དེས་ན་སྔོན་པོ་དང་སྔོན་འཛིན་ཤེས་པ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན་ཟླ་གཉིས་སུ་སྣང་བཞིན་ནོ། ལྷན་གཅིག་དམིགས་ངེས་ཡིན་ན་རྫས་གཅིག་ཡིན་དགོས་མིན། བློ་གསལ་མགུལ་རྒྱན་ལས། ༤༡༠ གཟུགས་དང་གཟུགས་འཛིན་དབང་མངོན་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་ཕྱི་མ་གྲུབ་སྟེ། དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སྐབས་བརྒྱད་པའི་མཐའ་དཔྱོད་ལས། སྔོན་པོ་དང་སྔོན་པོ་འཛིན་པའི་བློ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཟེར་ན། འོ་ན་སྔོན་པོ་འཛིན་པའི་བློ་ཡོད་ན་སྔོན་པོ་ཡོད་པའི་ཁྱབ་པར་ཐལ། སྔོན་པོ་དང་སྔོན་པོ་འཛིན་པའི་བློ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འདོད་ན། སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ན་ཆོས་ཅན། དེར་ཐལ། དེའི་ཕྱིར། ༣༦༥ ༄༅། ལྷན་གཅིག་དམིགས་ངེས་སྐབས་ཀྱི་རྟགས་གསལ། དང་པོ། རྫས་གཞན་གྱི་སྟོང་བར་གྲུབ་ན་རྫས་གཅིག་ཏུ་གྲུབ་དགོས་མིན་དང་ཡང་རྫས་གཞན་མ་ཡིན་པར་གྲུབ་ན་རྫས་གཅིག་ཏུ་གྲུབ་དགོས་མིན་རིགས་རྒྱན་དང་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་སོགས་དང་འབྲེལ་ནས་གསུངས་བ་དང་།ཡང་ན། རྫས་གཅིག་ཏུ་གྲུབ་སོང་ན་དེ་མ་ཡིན་དགག་ཡིན་མིན་དང་གཟུང་འཛིན་རྫས་གཅིག་དེ་ཀུན་རྫོབ་ཕྲ་མོ་ཡིན་མིན་ཆོས་ཉིད་ལ་མེད་དགག་གི་ཁྱབ་མིན་སོགས་ལྷུན་པོའི་མཛེས་རྒྱན་ལས་གསུངས་པ་དང་ཡིག་ཆ་གོང་འོག་དང་དྲངས་ངེས་ལེགས་བཤད་སྙིང་བོ་སོགས་སྦྱར་ནས་ཤེས་པར་བྱའོ། རིགས་རྒྱན (༡༣༠)(༡༢༨) ལྷུན་པོའི་མཛེས་རྒྱན (༡༧༣) (༡༦༥) དྲང་ངེས (༡༥ )(༡༧) གྲུབ་མཐའ ( ༣༠༥ ) གཉིས་པ། དོགས་པ། མེའི་དངོས་རྒྱུ་དང་ཙན་དན་གྱི་མེ་གང་བཀོད་ཀྱང་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་ ཕྱོགས་ཆོས་གྲུབ་ན་སྒྲུབ་བྱ་གྲུབ་འགྲོ་བའི་རྒྱུ་མཚན་གྱིས་ཡིན་པར་སྣང་ངོ་། ཙན་དན་གྱི་དྲི་ལ་སོགས་པ་ལ་བརྟེན་ནས་རྟོགས་ནུས་ཀྱང་། དེ་དྲི་སོགས་རྟགས་སུ་སོང་བ་ལ་བརྟེན་ནས་རྟོགས་པ་ཡིན་ནོ། རྣམ་ངེས་ཌཱིཀ་ཆེན་ལས། དང་པོ་ནི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་མི་དམིགས་པའི་གཏན་ཚིགས་ཡང་དག་འདི་ནི་ཆོས་ཅན། སྦྱོར་བའི་བྱེ་བྲག་གི་རྣམ་པ་བཅུར་ངེས་པ་ཡིན་ཏེ། འབྲེལ་ཡུལ་མ་དམིགས་པ་བཞི་དང་། འགལ་ཟླ་དམིགས་པ་དྲུག་ཏུ་ངེས་པ་དེ་ལྟར་ནའི་ཕྱིར། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་དགག་རྟགས་བཅུ་བོ་འདི་ལས་མང་བར་འདོད་པ་ནི་། རྟོག་པས་སྒྲོ་བཏགས་པ་འབའ་ཞིག་གོ།། ༤༢༢ ཐར་ལམ་གསལ་བྱེད་ལས། དེ་ལྟར་ན་འགལ་དམིགས་དྲུག་དང་འབྲེལ་ཟླ་མ་དམིགས་པ་བཞིན་ངེས་པས།། ༣༠ ཆོས་གྲགས་དགོངས་རྒྱན་ལས། ༡༧༧ ལུགས་དང་པོས་འགལ་རྒྱུ་དམིགས་པའི་རྟགས་བཞིའི་གྲངས་ངེས་བྱེད་པ་མི་འཐད་དེ། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་ཁྱབ་པར་ནོན་པའི་གཞིར་མེ་སྣང་དུ་མི་རུང་ན་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱང་སྣང་དུ་མི་རུང་། གཞི་དེར་མེ་སྣང་དུ་རུང་ན་རྟགས་འགོད་པའི་ཚེ་རང་བཞིན་འགལ་དམིགས་ཀྱི་རྟགས་འགོད་དགོས་ཀྱི་འགལ་བའི་རྒྱུ་དམིགས་པའི་རྟགས་འགོད་མི་རིགས་པའི་ཕྱིར། བློ་གསལ་མགུན་རྒྱན་ལས། ༨༦ གསུམ་པ་དེ་རྣམས་ལ་རྒྱལ་ཚབ་ཆོས་རྗེས་དགག་བཞག་མཛད་ཚུལ་ནི། ལུགས་དང་པོ་འགལ་རྒྱུ་དམིགས་པ་བཞིའི་རྟགས་ཡང་དག་གི་རྣམ་གཞག་མི་འཐད་དེ། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་སྣང་རུང་གི་གཞི་ལ་མེ་སྣང་དུ་མི་རུང་ན། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཡང་སྣང་དུ་མི་རུང་བར་འགྱུར་ཞིང་། དེ་ལ་མེ་སྣང་དུ་རུང་བའི་ཚེ། རྟགས་སུ་འགོད་དགོས་ན་རང་བཞིན་འགལ་དམིགས་ཀྱི་རྟགས་འགོད་རིགས་ཀྱི་འགལ་བའི་རྒྱུ་དམིགས་པའི་རྟགས་འགོད་མི་རིགས་པའི་ཕྱིར། འགལ་དང་འབྲས་བུ་དག་སྒྲུབ་དང་། རྒྱུ་དང་ངོ་བོ་བལྟར་རུང་བའི།། བདག་ཉིད་དང་ནི་མ་གྲུབ་པ།། མེད་དོན་ཅན་མི་དམིགས་རྣམས་བཞི།། ཞེས་པ་འདི་ལ་པཎ་ཆེན་ཤཱཀྱ་བློའི་ལུགས་ལ་སྣང་རུང་མ་དམིགས་པ་བརྒྱད་བསྟན། རང་འགྲེལ་ལྟར་ན་དྲུག་དང་ཐར་ལམ་གསལ་བྱེད་ལྟར་ན་ཡང་དྲུག་བསྟན། སྤྱིར་སྣང་རུང་མ་དམིགས་པའི་རྟགས་དེ་ལ་བཅུ་གཅིག་ཏུ་ཁེས་ལེན། འགལ་དང་ཞེས་པའི་རང་བཞིན་འགལ་དམིགས་བསྟན། འབྲས་བུ་དག་སྒྲུབ་དང་ཞེས་པའི་འགལ་འབྲས་དམིགས་པ། རྒྱུ་དང་ཞེས་པས་རྒྱུ་མ་དམིགས་པ། ངོ་བོ་བལྟར་རུང་བའི་ཞེས་པའི་ཁྱབ་མཉམ་པའི་ངོ་བོ་བལྟར་རུང་བའམ་རང་བཞིན་མ་དམིགས་པ་བསྟན། འདིས་བསྟན་ཚུལ་ནི་རྐང་བ་དང་པོས་རང་བཞིན་འགལ་དམིགས། འགལ་འབྲས་དམིག་པ་ རྐང་བ་གཉིས་པས་ ཡང་འཇུག་དུས་ལས་བསྟན་པའི་རང་བཞིན་མ་དམིགས་པའི་རྟགས་ཡིན་ན་ངེས་པར་ དགག་གཞི་དེར་གཞི་ཡོད་ན་སྣང་དུ་རུང་བ་ཞིག་དགོས་ཀི་རེད་ ཡོངས་གྲགས་ལ ཉེར་ལེན་གྱི་ཕུང་བོ་ཆོས་ཅན་ གང་ཟག་བདག་དུ་མེད་དེ གང་ཟག་བདག་དུ་ཚད་མས་མ་དམིགས་པའི་ཞེས་པ་དེ་རང་བཞིན་དམིགས་པའི་རྟགས་ཡིན་ཀྱང་འཇུག་དུས་ལས་བསྟན་པའི་རང་བཞིན་མ་དམིགས་པའི་རྟགས་མིན། ཡིག་ཆ་ལས་དེ་ རིགས་ཐིག་དར་ཊཱིཀ་ལས ལྟོར་ལྡུར་བའི་དག་པའི་གཞི་ཆོས་ཅན བུམ་པ་མེད་དེ་ ལྟོ་ལྡུར་བ་དམིགས་རུང་མ་དམིགས་པའི་ཕྱིར་ཞེས་ཀྱང་རུང་མོད་ཀྱི བུམ་པའི་དག་པའི་གཞི་ཆོས་ཅན། བུམ་པ་མེད་དེ་ཞེས་མི་བྱའོ། སྦྱོར་བ་གང་རུང་བ་ཞིག་གི་རྟགས་ལྟར་སྣང་དེ་རྟགས་ལྟར་སྣང་དུ་སྒྲུབ་པའི་རྟགས་ཡང་དག་ཞིག་ལ་རྟགས་སྐྱོན་ཟེར་ཞིང་རྟགས་ཡང་དག་ཡིན་ན་རྟགས་སྐྱོན་ཡིན་པའི་མ་ཁྱབ་ཀྱང་།རྟགས་སྐྱོན་ཡིན་ན་རྟགས་ཡང་དག་ཡིན་པའི་ཁྱབ། རྟགས་སྐྱོན་ཅན་དང་རྟགས་ལྟར་སྣང་དོན་གཅིག།། ཕྱོགས་སྐྱོན་དང་དཔེ་སྐྱོན་གང་ཡིན་ཀྱང་དེ་བཞིན་ཡིན་ནོ། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཀྱི་ཡོན་ཏན་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་དེ་རྟགས་ཡང་དག་ཏུ་སྒྲུབ་པའི་རྟགས་ཡང་དག་ཞིག་ལ་བྱེད། རྟགས་ཡོན་ཏན་ཅན་དང་རྟགས་ཡང་དག་གཉིས་དོན་གཅིག། དེ་བཞིན་དུ་ཕྱོགས་ཀྱི་ཡོན་ཏན་དང་དཔེའི་ཡོན་ཏན་སོགས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། རྩ་ཤེས་ཌཱིག་ཆེན་ལས། འདུས་བྱས་ཡིན་ན་ཁྱོད་མེད་པ་སྲིད་པའི་ཁྱབ་པ་ནི་སྐད་ཅིག་གི་འཇིག་པའི་ངང་ཚད་ཅན་གྱིས་འགྲུབ་པོ། ཡིག་ཆ་ལས་ ཡོད་མེད་ཐེ་ཚོམ་ཟ་ན་ཡོད་པའི་ཀྱང་ཁྱབ་མེད་པའི་ཀྱང་ཁྱབ། རྣམ་འགྲེལ་ལེའུ་བཞི་བ་ལས། སྒྲ་མི་རྟག་པ་མ་ཡིན་པ་ཆོས་ཅན ཁྱོད་མ་ཡིན་པ་མེད་པར་ཐལ། ཁྱོད་རྟགས་ཡང་དག་གི་དགག་བྱ་ཡིན་པའི་ཕྱིར་ན་མ་ཁྱབ བསྡུས་གྲྭ་ལས། བུམ་པ་ཆོས་ཅན་ ཁྱོད་མེད་པ་ཡོད་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རིག་ལམ་འཕྲུལ་ལྡེ་ལས། མེད་དགག་ལ་དབྱེ་ན་ཤེས་བྱ་ལ་སྲིད་པའི་མེད་དགག་དང་ཤེས་བྱ་ལ་མི་སྲིད་པའི་མེད་དགག་གཉིས། དེ་རྣམས་སོ་སོའི་མཚན་གཞི་ཡོད་དེ། དངོས་པོ་མེད་པ་དང་། བུམ་པ་མེད་པ་ གཉིས་ནི་དང་པོ་དང་། ཞེས་གསུངས། རྟ་ནག་རྣམ་འགྲེལ། ལྷའི་སྦྱིན་ཉིན་པར་ཟས་ཟ་ཆོས་ཅན་ ཁྱོད་མ་ཡིན་པ་མེད་དགག་ཡིན་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། ༄༅༎ལུང་འགལ་རེ་རེའི་ཚིག་འགྲེལ་དང་དོག་དཔྱོད། ࿉ གླེང་ཚན་དང་པོ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་པར་འདོད་པའི་རང་སྡེ་དབང་ཕྱུག་སྡེ་སོགས་ལ་ལུང་དྲུག་གིས་གནོད་པ་དང་།། དེར་མ་ཟད་རང་གཞན་གྱི་སྡེ་བ་གཉིས་ལ་ཐུན་མོང་མངོན་སུམ་གྱི་གནོད་པ་དང་།། དེ་ལྟར་འདོད་པའི་གཞན་སྡེ་གཙོ་བོ་གྲངས་ཅན་པ་རིག་པ་ཅན་པ་ཕྱི་རོལ་བྱེ་བྲག་པ་སོགས་གསུམ་ལ་ཁས་བླངས་ནང་འགལ་གྱི་གནོད།། དེ་ལྟར་ན་དང་པོ་སློབ་དཔོན་དབང་ཕྱུག་སྡེ་སོགས་ལ་ལུང་དྲུག་གིས་གནོད་ཞེས་པའི་ལུང་དྲུག་ནི་ སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པའི་རིག་སྒོ་དང་འགལ་ཚུལ་གཅིག། ཚད་མ་ཀུན་བཏུས་ཀྱི་རང་འགྲེལ་དང་འགལ་ཚུལ་བཞི། རླུང་གི་རབ་བྱེད་དང་འགལ་ཚུལ་གཅིག་ཁྱོན་སྡོམ་པའི་ལུང་དྲུག་ཡོད།། ལུང་འགལ་དང་པོ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་ཟེར་ན་ སྒོ་) དང་འགལ་ཚུལ་ནི་ རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ་ཞེས་པའི་ལུང་དེ་དང་འགལ་ལ་ལུང་དེའི་དོན་ནི་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཆོས་མཐུན་སྦྱོར་དང་ཁྱབ་པ་འཁྲུལ་བ་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སྨྲས་པས་ལྡོག་ཁྱབ་གྲུབ་པ་ལ་རྟགས་མཐུན་ཕྱོགས་ལ་ཡོད་པར་ངེས་དགོས་པ་དང་། མི་མཐུན་ཕྱོགས་ལ་མེད་པར་ངེས་དགོས་པ་སོགས་དོན་མེད་པར་ཐལ། ཁྱོད་དེ་འགལ་བའི་ཕྱིར་ཏེ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་ཡིན་པས་ལུང་དེ་དང་འགལ་ཞེས་ལུང་དང་བོས་གནོད་པ་གཏོང་ཚུལ་ནི་དེ་ལྟར་རོ།། དེའི་ཐད་ཀྱི་རྣམ་འགྲེས་ལས་ཀྱང་།། འཁྲུལ་བ་ཅན་གྱི་གཉེན་པོ་ནི་མི་མཐུན་ཆོས་བརྗོད་གང་ཡིན་པ་ཞེས་གསུངས། དེའི་དོན་ནི་ཁྱབ་པ་འཁྲུལ་བ་ཅན་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སོང་པར་བསྟན། ལུང་འགལ་གཉིས་པ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། མ་ཟས་པའི་ཤིང་ཐོག་ལྷག་མ་རྣམས་ཆོས་ཅན་རོ་མངར་ཁྱད་པར་ཅན་དང་ལྡན་སྟེ། ཟསཔའི་ཤིང་ཐོག་དང་གཟུགས་སྨུག་པོར་མཚུངས་བའི་ཕྱིར་ཞེས་བཀོད་པའི་ཚེ་ན། རྟགས་ཡང་དག་ཡིན་པར་ཐལ། དེར་ཐལ། མི་མཐུན་ཕྱོགས་ཕྱོགས་ལ་མཐོང་བ་ཅམ་ཡིན་པའི་ཕྱིར། འདོད་ན། གཟུགས་མཚུངས་བའི་རྟགས་ཀྱིས་རོ་མཚུངས་བར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ།། འདོད་ན་ད། ཀུན་བཏུས་རང་འགྲེལ་ལས།། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་བར་འདོད་པ་དེ་ནི་རིག་པ་མ་ཡིན་ནོ། ཞེས་པའི་ལུང་དང་འགལ་ལ། ཞེས་ལུང་གཉིས་པས་གནོད་པ་གཏོང་ཚུལ་ནི་དེ་ལྟར་རོ།། དེའི་ཐད་ཀྱི་རྣམ་འགྲེས་ལས་ཀྱང་།། གལ་ཏེ་མ་མཐོང་བས་ལྡོག་འགྱུར། ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། ཞེས་གསུངས་དེའི་དོན་ནི་ གལ་ཏེ་མ་མཐོང་བ་ཙམ་གྱིས་ཀྱང་ལྡོག་ཁྱབ་གྲུབ་པར་འགྱུར་ན་དེ་འདྲ་བའི་རྟགས་སྦྱོར་རྣམས་སློབ་དཔོན་ཕྱོགས་གླང་གིས་ལྷག་ལྡན་མ་ངེས་པའི་གཏན་ཚིགས་ཡིན་པར་གསུངས་བ་ཇི་ལྟར་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་གསུངས།། ལུང་འགལ་གསུམ་པ། དེ་ལྟར་འདོད་ན་( ཀུན་བཏུས་རང་འགྲེལ་) གྱི་ལུང་གཉིས་པ་དང་འགལ་ཚུལ་ནི་ལྷག་མ་ལྔ་བོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ་ཐེ་ཚོམ་གྱི་རྒྱུའོ་ཞེས་དང་ཡང་ན། ཡང་ན་བདག་ལྟར་མི་མཚུངས་བའི་ཕྱིར་བུམ་པ་ལ་སོགས་པ་ནི་བདག་མེད་པ་ཉིད་དུ་མ་ངེས་ཏེ་མི་དམིགས་པ་ཙམ་ནི་ཐེ་ཚོམ་རྒྱུའོ་ཞེས་མཁས་པ་ཕྱི་མ་དག་གིས་འདྲེན་ཚུལ་གཉིས་བྱུང་ཡོད་ལ་དང་པོ་ལྟར་འདྲེན་མཁན་ རྒྱལ་ཚབ་རྗེ་དང་གཙང་པཎ་དང་ཕྱི་མ་ལྟར་འདྲེན་མཁན་རྗེ་བཙུན་དང་དགེ་ཡེ་ཤེས་དབང་ཕྱུག་སོགས་ མཁས་པ་མང་དུ་མཆིས་ཀྱང་།། དང་པོ་ལྟར་འགྲེལ་ཚུལ་ནི། སྟེང་འོག་གཉིས་ལ་ཡང་དག་གཉིས།། ལག་གཉིས་འགལ་བའི་གཏན་ཚིགས་སོ།། ཟུར་བཞི་དངོས་ཀྱི་མ་ངེས་པ།། དབུས་ན་ཐུན་མོང་མ་ངེས་པ་ཞེས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་སྟེང་འོག་གཉིས་ཀྱི་ཡང་དག་གཉིས་དང་ལག་གཉིས་འགལ་བའི་འགལ་རྟགས་གཉིས་སོགས་བཞི་བླངས་རྗེས་ཀྱི་ལྷག་མ་ལྔ་ནི་རྟགས་ཚིགས་ཡང་དག་གམ་འགལ་རྟགས་མ་ཡིན་པར་གསུང་བ་དང་དེ་རྟགས་སུ་བཀོད་ན་སྔར་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་པ་ལུང་དེས་དོན་ཡིན་ལ། དེ་ནས་སློབ་དཔོན་ཕྱོགས་གླང་གི་རང་གཞུང་ལས་ཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིག་དུ་བསྟན་ཡོད་རེད།། དེ་ཡིན་ན་དོན་གྱི་མཚན་ཉིད་རྟགས་སུ་བཟུང་ནས་མཚོན་བྱ་སྒྲུབ་ཆོས་སུ་འཛིན་པའི་སྦྱོར་བ་རྣམས་ནི་མ་ངེས་པའི་གཏན་ཚིགས་ཡིན་པ་སློབ་དཔོན་རང་གཞུང་ལས་བསྟན་པ་དང་མ་ངེས་གཏན་ཚིགས་རྣམས་རྟགས་ཡང་དག་དང་འགལ་རྟགས་མ་ཡིན་པར་ལུང་འདིས་བསྟན་ཡོད་ལ།། དེ་ལྟར་ན་ཕྱོགས་ཆོས་གང་ཞིག རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་གྲུབ་པར་འདོད་པ་དང་དེ་རྟགས་ཡང་དག་དུ་འདོད་ན་མཚོན་བྱ་སྒྲུབ་ཆོས་སུ་བཟུང་ནས་མཚན་ཉིད་རྟགས་སུ་སྦྱར་བའི་སྦྱོར་བའི་ནང་ན་ཡང་རྟགས་ཡང་དག་ཡིན་པ་ཡོད་པས་གསོན་ལུས་ཆོས་ཅན་ གང་ཟག་གི་བདག་དང་བཅས་པ་ཡིན་ཏེ སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཡིན་པའི་ཕྱིར།། ཞེས་པ་འདི་ཡང་རྟགས་ཡང་དག་དུ་འགྱུར་ལ། དེ་རྟགས་ཡང་དག་འགྱུར་ན་ལུང་དེ་དང་འགལ་ཞེས་པས་ལུང་གསུམ་པས་གནོད་པ་གཏོང་ཚུལ་ནི་དེ་ལྟར་རོ།། གཉིས་པ་ལྟར་འགྲེལ་ཚུལ་ནི། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་ན་ རིག་པ་ཅན་པའི་ལྡོག་ཁྱབ་རྐྱང་བ་ཅན་གྱི་ གཏན་ཚིགས་ཆོས་ཅན་ ཁྱོད་ལྟར་ན་རྟགས་ཡང་དག་ཡིན་པར་ཐལ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན་ བདག་ལྟར་མི་མཚུངས་བའི་ཕྱིར་བུམ་པ་ལ་སོགས་པ་ནི་བདག་མེད་པ་ཉིད་དུ་མ་ངེས་ཏེ་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུའོ་ཞེས་བཀག་ཡོད་པ་འདི་དང་འགལ་ལ་ཞེས་གནོད་པ་གཏོང་བ་དང་། ཡང་དེས་ན་རིག་པ་ཅན་པས་གསོན་ལུས་གང་ཟག་གི་བདག་བཅོས་ཡིན་ཏེ། སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཡིན་པའི་ཕྱིར་ཟེར་། དེ་ནས་བུམ་པ་སོགས་གང་ཟག་གི་བདག་མེད་ཡིན། ཡིན་ཏེ་བདག་ཡོད་ན་དེའི་སྟེང་དུ་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་ཞེས་ཟེར་ཞིང་དེ་ནས་སློབ་དཔོན་ཕྱོགས་གླང་གིས་བུམ་པ་ལ་བདག་མ་མཐོང་བ་ལྟར་གསོན་ལུས་ལ་ཡང་གང་ཟག་གི་བདག་མ་མཐོང་པས་ཐེ་ཚོམ་གྱི་རྒྱུའོ་ཞེས་བཀག་པ་ལུང་དེའི་དོན་ཡིན་པར་སྣང་ངོ།། དེའི་ཐད་ཀྱི་རྣམ་འགྲེལ་ལས་ཀྱང་། རྡོག་པ་ཅན་ཡང་གཏན་ཚིགས་འགྱུར་ཞེས་གསུངས་དེའི་དོན་ནི་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་ན་ ཕྱི་རོལ་བའི་འདོད་པའི་ལྡོག་ཁྱབ་རྐྱང་བ་ཅན་གྱི་གཏན་ཚིགས་ཡང་རྟགས་ཡང་དག་དུ་ཐལ་བའི་སྐྱོན་ཡོད་ཁུ་ཟེར་བ་རེད།། ལུང་འགལ་བཞི་བ། ཡང་མི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་ན་ཟེར་ན། སྒྲ་བྱས་པར་ངེས་ནས་དེ་འདྲའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་བྱས་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན་ རྡོག་ཁྱབ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་རྡོག་ཁྱབ་གྲུབ་པར་ཐལ། འདོད་ན། སློབ་དཔོན་ཕྱོགས་ཀྱི་གླང་བོས་མཛད་པའི་ཀུན་བཏུས་རང་འགྲེལ་ལས་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱི་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པ་པར་བརྗོད་པར་བྱའོ་ཞེས་པ་དེ་དང་འགལ་ལ་ལུང་དེའི་དོན་ནི་གཞན་དོན་སྐབས་རྟགས་ཡང་དག་གི་ཕྱོགས་ཆོས་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་ངེས་དགོས་པར་མ་ཟད་དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པ་བརྗོད་པར་བྱའོ་ཞེས་ཅི་རིགས་སྨྲས་པའི་དོན་ནི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་གི་ཕྱོགས་ཆོས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་གང་ཡང་རུང་བ་ལ་མ་གྲུབ་པ་དང་ཐེ་ཚོམ་ཟ་ན་རྟགས་ཡང་དག་མ་ཡིན་པ་དང་གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་ན་ཕྱོགས་ཆོས་མི་འགྲུབ་པའི་དཔེ་བཞི་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་རྟགས་ཡང་དག་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྒོལ་ཕྱི་རྒོལ་གཉིས་ཀའི་མ་གྲུབ་པ་དང་གང་རུང་མ་གྲུབ་པ་དང་གང་རུང་གི་ཐེ་ཚོམ་ཟ་ན་རྗེས་ཁྱབ་དང་ལྡོག་ཁྱབ་མ་གྲུབ་དང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་རྟགས་ཡང་གཉིས་ཀྱི་ མི་མཐུན་དཔེ་གཞི་མ་གྲུབ་ཀྱང་རྟགས་ཡང་དུ་འགྱུར་བ་ཡོད་པས་དང་པོ་གསུམ་དཔེ་དོན་སྦྱོར་ལ་ཐ་མ་གཉིས་མི་མི་སྦྱོར་བ་ལ་སོགས་ལ་དཔེ་དོན་སྦྱོར་མི་སྦྱོར་ཅི་རིགས་ཡོད་པའི་དོན་ནོ།། དེའི་ཐད་ཀྱི་རྣམ་འགྲེལ་ལས་ཀྱང་མ་གྲུབ་སྦྱར་བ་བརྗོད་བྱ་མིན་ཞེས་གསུངས་ལ་དེའི་དོན་ནི་ གཞན་སྐབས་ཀྱི་སྒྲུབ་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་ན་ཕྱོགས་ཆོས་མི་འགྲུབ་པ་དང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་ཡང་དག་གཉིས་ཀྱི་མི་མཐུན་དཔེ་གཞི་མ་པའི་གྲུབ་ལྡོག་ཁྱབ་མ་གྲུབ་པ་གཉིས་དཔེ་དོན་མི་སྦྱོར་བའི་དོན་ནོ། ལུང་འགལ་ལྔ་བ། མི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ཟེར་ན། འོ་ན་ཉན་བྱ་སྒྲ་མི་རྟག་པར་སྒྲུབ་ཕྱོགས་ཅན་དུ་སོང་བའི་རྒོལ་བའི་ངོར་རྟགས་ཡང་དག་ཡིན་པར་ཐལ། མི་མཐུན་ཕྱོགས་ལ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན་ཁྱད་པར་ནི་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ནོ། ཞེས་བ་འདི་དང་འགལ་ལ་འདིའི་དོན་ནི། འདིའི་དོན་ཆོས་དེའི་ཁྱད་པར་འབྱེད་ཆོས་སམ་མཚན་ཉིད་རྟགས་སུ་སྦྱར་ནས་མཚོན་བྱ་སྒྲུབ་པའི་ཚེ་རྟགས་ཡང་དག་མ་ཡིན་པར་བསྟན་ཡོད་ན།། དེ་ཡིན་ན་ཁྱོད་དེ་འགལ་ཞེས་གནོད་པ་བཏང་ངོ།། དེའི་ཐད་ཀྱི་རྣམ་འགྲེལ་ལས་ཀྱང་ཁྱད་པར་རྣམ་པར་གཅོད་པ་ཡི། གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། ལུང་འགལ་དྲུག་པ། མི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། བྱེ་བྲག་པས་མ་མཐོང་བ་དེ་ས་ཆུ་མེ་གསུམ་ལ་གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མ་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན། རླུང་གི་རབ་བྱེད་ལས་ གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་འགོག་པར་བྱེད་ན་དེ་ཡང་རིག་པ་མ་ཡིན་ནོ། ཞེས་པ་འདི་དང་འགལ་འདིའི་དོན་ནི་ཁོ་རང་གི་མ་མཐོང་བ་ཙམ་གྱིས་གཞི་དེ་ལ་མཐོང་བའམ་ཡོད་པ་དག་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། ཞེས་པ་འདི་འགལ་ལ་ཁྱོད་ལྟར་ན་མ་མཐོང་བ་ཙམ་གྱིས་མཐོང་བ་དག་འགོག་པར་བྱེད་པ་རྟགས་ཡང་དག་དུ་ཁེས་ལེན་པའི་ཕྱིར་ཞེས་གནོད་པ་གཏོང་ངོ། བྱེ་བྲག་པས་འདོད་ཚུལ་ནི་གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་ཡོན་ཏན་ཡིན་པ་དང་ཡོན་ཡིན་ན་རྫས་ལ་བརྟེན་པའི་ཁྱབ་པ་དང་རྫས་ལ་བརྟེན་ན་འབྱུང་བ་བཞི་བོ་གང་རུང་གི་རྫས་ལ་བརྟེན་པའི་ཁྱབ་པ་ཁེས་ལེན། འབྱུང་བ་བཞི་བོ་གང་རུང་ལ་བརྟེན་པའི་རྫས་ལ་དེ་ལ་ཡང་མཐོང་བའི་རྫས་དང་མི་མཐོང་བའི་རྫས་གཉིས་ལས་ས་ཆུ་མེ་གསུམ་མཐོང་བའི་རྫས་དང་གྲང་མིན་གྲོ་མིན་གྱི་རེག་བྱ་བཏང་སྙོམས་པའམ་རླུང་དེ་མི་མཐོང་བའི་རྫས་ལ་འཇོག། དེ་ནས་ས་ཆུ་མེ་གསུམ་ཆོས་ཅན། རེག་བྱ་བཏང་སྙོམས་པ་མེད་ཟེར་ལ་མེད་དེ་ ཁོས་མ་མཐོང་བའི་ཕྱིར་ཞེས་རྟགས་འགོད།། རྣམ་འགྲེལ་ལྟར་ན་མཐོང་བའི་ས་སོགས་གསུམ་ལ་མེད་པར་སྒྲུབ་རྟགས་ཡང་དག་དུ་ཐལ་བ་བཏང་བ་དང་། རྣམ་ངེས་ལྟར་ན་མ་མཐོང་བའི་ས་སོགས་གསུམ་ལ་མེད་པར་སྒྲུབ་པའི་རྟགས་ཡང་དག་དུ་ཐལ་བར་བཏང་། རྣམ་ངེས་ལས། གང་ཡང་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། རྣམ་འགྲེལ་ལས་ཀྱང་། མ་མཐོང་ཕྱིར་རེག་མཐོང་བ་ལ། མི་ལྡན་འཁྲུལ་བ་མེད་པ་ཅན། ཞེས་གསུངས་ལ་དེའི་དོན་ནི་ ཁོ་རང་གིས་མ་མཐོང་བ་ཕྱིར་མཐོང་ས་སོགས་ལ་མི་ལྡན་པའམ་མེད་པར་སྒྲུབ་ན་འདི་འཁྲུལ་བ་ཅན་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ་ཕྱིེར་ཞེས་པའི་དོན་ནོ། རྩ་བའི་གཉིས་པ་རང་གཞན་གྱི་སྡེ་བ་གཉིས་ལ་ཐུན་མོང་མངོན་སུམ་གྱིས་གནོད་ཚུལ་དང་། ཡང་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་ཟེར་ན་། ལག་མཐིལ་གྱི་སྐྱུ་རུ་ར་ཆོས་ཅན། རོ་མངར་ཁྱད་པར་ཅན་དང་ལྡན་དེ། སྐྱུ་རུ་ར་ཡིན་པའི་ཕྱིར་ཞེས་བཀོདཔའི་ཚེ་ན་ལྡོག་ཁྱབ་ཡིན་པར་ཐལ། འདོད་ན། མ་ཡིན་ཡིན་པར་ཐལ་།དེའི་ཁྱབ་པ་གྲུབ་པ་ཡིན་མངོན་སུམ་གྱི་བསལ་ནུས་པའི་ཕྱིར། དེ་ཐལ། ཡུལ་ས་ཞིང་བཟང་ངན་དང་འོ་མས་སྐྱུ་རུ་རས་བཅུས་མ་བཅུས་ལ་སོགས་པས་ཁྱད་པར་ལས་སྐྱུ་རུའི་རྫས་དེ་རོ་མངར་སྐྱུར་དང་ནུས་པ་ཆེ་ཆེ་ཆུང་ཐ་དད་པ་མངོན་སུམ་གྱི་གྲུབ་པའི་གྲུབ་པའི་ཕྱིར་ཞེས་དོན་ལ་སྐྱུ་རུ་ཡིན་ན་རོ་མངར་ཁྱར་པར་ཅན་ལྡན་པའི་མ་ཁྱབ་པ་མངོན་སུམ་གྱི་བསྟན་ནོ། ཡང་ཐར་ལམ་གསལ་བྱེད། ལྷག་ལྡན་འཁྲུལ་བ་ཅན་འདི་མི་འདྲ་སྟེ་ཞེས་པའི་མི་འདྲ་ ཚུལ་ནི་ཁྱབ་པ་ཁྱབ་པ་ལ་མངོན་སུམ་གྱི་བསལ་བ་སྟོན་ཐུབ་པ་མི་འདྲ་སྟེ། སྐྱུ་རུ་ར་ཡིན་པའི་ཕྱིར་ཞེས་པ་སྐྱུ་རུ་ར་སྤྱི་ལྡོག་མ་ལ་སྦྱར་བས་ཁྱབ་གྲུབ་པ་མཐུན་དཔེ་སྟེང་སུ་ངེས་པ་སྲིད་ཀྱང་། ལྷག་ལྡན་འཁྲུལ་བ་ལས་རྟགས་དེ་ཡང་ཤིང་ལྡོང་ཁོ་རང་གི་ཁྱད་པར་དུ་བྱས་པས་ ཁྱབ་པ་ལ་མངོན་སུམ་གྱི་བསལ་བ་མཐུན་དཔེ་སྟེང་དུ་ངེས་པ་མི་སྲིད་ལ། ཤིང་ལྡོང་མགོའི་ཤིང་ཐོག་ བླངས་ནས་ཟོས་ན་བསྟན་ནུས་ན་ཡང་། དེ་ཆོས་ཅན་ཁྱབ་པའི་སུན་འབྱིན་དུ་བརྗོད་པ་ཡིན་པས་རིགས་པའི་ལམ་ལས་འདས་སོ་ཞེས་ཟེར།། རྩ་བའི་གསུམ་པ་གཞན་སྡེ་གཙོ་བོ་གསུམ་ལ་ཁེས་བླངས་ནང་འགལ་གྱིས་གནོད་པ། མི་མཐུན་མ་མཐོང་བ་ཙམ་ཡིན་པའི་ཕྱིར་རམ་དེ་མ་དམིགས་པའི་ཕྱིར་ཞེས་པ་དེ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ།ཁྱོད་ལྟར་ན་ གསོལ་ལུས་ཡང་གང་ཟག་གི་བདག་མ་མཐོང་ཡང་གང་ཟག་གི་བདག་ཡོད་པ་ཁས་ལེན། ས་ལ་ཤེས་པ་ཡོད་པ་མ་མཐོང་ཡང་ས་ལ་ཤེས་པ་ཡོད་པ་ཁས་ལེན། འོ་མའི་དུས་ན་འོ་མ་དམིགས་ཀྱང་།འོ་མའི་དུས་ན་ཞོ་ཡོད་པའི་ཕྱིར་ཞེས་པའི་རྟགས་དང་པོ་ བྱ་བྲག་པ་ལ་ཁེས། གཉིས་པ་རྒྱང་འཕེན་པ་ལ་ཁེས། གསུམ་པ་གྲངས་ཅན་པ་ལ་ཁེས། ཞེས་ཁས་བླངས་ནང་འགལ་ལོ།། ༄༅།། ལུང་འགལ་སྐབས་ཀྱི་ལུང་ཐོ། ལུང་འགལ་བཞི་བའི་སྐབས་ཀྱི་ལུང་ཐོ།། ( ༡ ) མཉན་བྱའི་དབང་པོའི་ཟུར་བཀོལ་ལས། གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་ཡོད་ཀྱང་། ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པའི་རྟགས་ཡང་དག་མེད་དེ། དེ་སྒྲུབ་ཀྱི་རྟེན་ཤེས་འདོད་ཆོས་ཅན་ལ་ཚད་མས་གནོད་ན་དེ་སྒྲུབ་ཀྱི་སྒྲུབ་བྱ་ལ་ཚད་མས་གནོད་པའི་ཁྱབ་པའི་ཕྱིར། ༢༩༧ རིགས་རྒྱན་ལས།། སྒྲུབ་རྟགས་ཀྱང་ཐམས་ཅད་ལ་ནི་མ་ཡིན་ཏེ། སྐྱེས་བུ་འདི་ཆོས་ཅན་སྡུག་བསྔལ་བ་ཡིན་ཏེ། རི་བོང་རྭས་ཕོ་ཕུག་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། རི་བོང་རྭས་ཕོ་ཕུག་པ་ཆོས་ཅན། སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་ཏེ།དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག། ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། དེ་སྒྲུབ་ཀྱི་རྟགས་སུ་བཀོད་ནས་ཕྱོགས་ཆོས་མ་གྲུབ་པ་དེ། རི་བོང་རྭས་ཕོ་ཕུག་པ་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་སྣང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར།། ༡༦༤ མཉན་བྱའི་དབང་བོའི་ཟུར་བཀོལ་ལས། རི་བོང་གི་རྭས་ཕུག་པ་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་ན། གང་ཟག་གི་མེད་པར་སྒྲུབ་རྟགས་ཡང་དག་ཡོད་དགོས་པས། ཚད་མས་མ་དམིགས་པ་དེ༌གང་ཟག་གི་བདག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། ༢༩༩ ཆོས་གྲགས་དགོངས་རྒྱན་ལས།། གཞན་དོན་སྐབས་ཀྱི་རྟགས་ཀྱི་ནང་ནས་ཀྱང་སྒྲུབ་རྟགས་ཀྱི་དབང་དུ་བྱས་པ་ཡིན་གྱི་གཞན་དོན་རྟགས་ཐམས་ཅད་ཀྱི་དབང་དུ་བྱས་པ་མིན་ཏེ། ༡༠༡ ཚད་མ་སྡེ་བདུན་ལས།། དེ་བས་ན་རང་ལུགས་ནི་དེ་ལྟ་བུའི་རྟགས་ཀྱི་ཤེས་འདོོད་ཆོས་ཅན་ནི་དེ་ལྟ་བུའི་བདག་ཁོ་ན་ཡིན་ལ་ཆོས་གཞི་མ་གྲུབ་པའི་སྐྱོན་ཀྱང་མེད་དེ། དེ་ལྟ་བུའི་རྟགས་ལ་ནི་ཆོས་ཅན་དང་མེད་ངེས་ཀྱི་ཚོགས་སྒྲུབ་བྱ་ཡིན་པས་ཆོས་ཅན་གཞི་མ་གྲུབ་པ་ཉིད་དམ་བཅའ་ཚད་མས་སྒྲུབ་པའི་སྒྲུབ་བྱེད་ཡིན་ལ། ཆོས་ཅན་གཞི་གྲུབ་ན་དམ་བཅའ་ཚད་མས་བསལ་བར་འགྱུར་རོ། འདི་ལྟར་ཆོས་ཅན་གཞི་མ་གྲུབ་ན་ཆོས་ཅན་དེ་དང་མེད་ངེས་ཀྱི་ཚོགས་དོན་གཞི་གྲུབ་དགོས་པའི་ཕྱིར་ཏེ། གཞི་གྲུབ་ན་རི་བོང་གི་རྭ་མེད་ངེས་ཡིན་པའི་ཁྱབ་པ་བཞིན་ནོ།། ༣༣༡ མཉན་བྱའི་དབང་པོའི་ཟུར་བཀོལ་ལས། ༣༢༣ རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་ཡིན་ན། བྱས་པ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་ཡིན་དགོས་པའི་ཕྱིར། རྟགས་སོང་། འདོད་ན། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་རྟག་པ་བྱས་སྟོང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྟེན་དུ་གྱུར་པའི་བྱས་པ་རྟག་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། ཐར་ལམ་གསལ་བྱེད་ལས།། མཉན་བྱ་ལ་མི་རྟག་པའི་ཁྱབ་པ་སྔར་ངེས། དེའི་རྗེས་ཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མ་ཡིན་ནོ། ཐར་ལམ་གསལ་བྱེད་ལས།། འོ་ན་སྒྲ་མི་རྟག་པ་མངོན་སུམ་ཚད་མས་རྟོགས་པར་ཐལ། དེ་གསར་དུ་རྟོགས་ནས་རྗེས་དཔག་མ་ཡིན་པའི་ཕྱིར་ཞེ་ན། སྔར་ཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་མངོན་སུམ་དང་ཕྱིས་མིང་དོན་གྱི་འབྲེལ་བ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་ངེས་པ་ཡིན་ནོ།། ཕྲ་བའི་མི་རྟག་པ་རྟགས་ལས་རྟོགས་ཀྱང་ཕྲ་བའི་མི་རྟག་པ་མངོན་སུམ་གྱིས་གྲུབ་པ་མི་འགལ་ལོ།། ཐར་ལམ་གསལ་བྱེད་ལས། ལྷག་ལྡན་འཁྲུལ་བ་ཅན་དང་འདི་མི་འདྲ་སྟེ། ཆོས་གྲགས་དགོངས་རྒྱན་ལས། ༢༦༠ འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། གྲངས་ཅན་གྱིས་འདོད་པའི་བློ་འམ་ཆེན་པོ་དང་སྤྱི་གཙོ་བོའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གྲངས་ཅན་གྱིས་གང་ལ་བསམས་ནས་བློ་འམ་ཆེན་པོ་དང་། སྤྱི་གཙོ་བོ་ཡོད་པར་སྒྲོ་བཏགས་པའི་གདགས་གཞིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། ལུང་འགལ་དང་པོའི་སྐབས་ཀྱི་རྟགས་གསལ། བྱས་པ་དེ་སྒྲ་མི་རྟགས་སྒྲུབ་པའི་འགལ་རྟགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སོང་བའི་ཕྱིར་འདོད་ན་དགག་བྱའི་ཆོས་དེ་ཡིན་ན་རྟགས་དེ་མ་ཡིན་པའམ་དགག་བྱའི་ཆོས་དེ་མེད་ན་རྟགས་དེ་མེད་པའི་ཁྱབ་པ་གྲུབ་ན་དེ་མ་ངེས་པའི་གཏན་ཚིགས་ཡིན་ནམ་པའི་དོག་པ་ཆོད་པའི་ཁྱབ་པར་ཐལ། འདོད་ན དེ་གྲུབ་ན་མ་ངེས་པའི་གཏན་ཚིགས་མ་ཡིན་པའི་ཁྱབ་པར་ཐལ། འདོད་ན་ ཁ་ནང་བུ་རམ་གོང་བའི་སྟེང་ན་ཆོས་ཅན བུར་གཟུགས་ད་ལྟ་བ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར། དེ་ཆོས་ཅན་ མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། དེ་ལྟར་དུ་གྲུབ་པའི་ཕྱིར་ཞེས་དང་། ཡང་ན་སྒྲ་བྱས་པར་ངེས་ནས་བྱས་ན་མི་རྟག་པའི་ཁྱབ་པ་ཡང་མ་ངེས་རྟག་ན་མ་བྱས་པའི་ཁྱབ་པ་ཡང་མ་ངེས་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན་ མི་རྟག་སྟེ་ བྱས་པའི་ཕྱིར་ཞེས་བཀོད་ལ་ཡང་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ།། དགག་བྱའི་ཆོས་དེ་ཡིན་ན་རྟགས་དེ་མ་ཡིན་པའི་ཁྱབ་པ་གྲུབ་པའི་ཕྱིར་ཞེས་སོགས་ཀྱིས་སྒྲུབ་དགོས་བར་སྙམ་མོ། ཁྱབ་པ་འཁྲུལ་བ་ཅན་མ་ངེས་པའི་གཏན་ཚིགས་ཡིན་ནམ་སྙམ་པའི་དོག་པའི་གཉེན་པོར་ཟེར་ན་འཁྲུལ་བ་ཅན་སོགས་བཀོད་ནས་དེ་ལ་དོག་པ་ཆོད་སྟངས་སོགས་དཔྱད་པར་བྱའོ།། ལུང་འགལ་གཉིས་པའི་སྐབས་ཀྱི་རྟགས་གསལ།། མ་ཟས་པའི་ཤིང་ཐོག་ལྷག་མ་རྣམས་ཆོས་ལ རོ་མངར་ཁྱད་པར་ཅན་དང་ལྡན་དེ། ཟས་པའི་ཤིང་ཐོག་དང་གཟུགས་སྨུག་པོར་མཚུངས་བའི་ཕྱིར་ཞེས་བཀོད་པའི་ཚེ་ན་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར།། དེར་ཐལ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མཐོང་ཤིང་མཐུན་ཕྱོགས་ལ་ཤེས་འདོད་དང་ལྡན་པ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་གང་ཟག་སྲིད་པའི་ཕྱིར་ན་ཁྱབ་པ་ཡོད་པའི་ཕྱིར། མ་ཁྱབ་ན མདུན་གྱི་གཞི་འདིར་ཟ་ཤ་བསྐལ་དོན་སོང་གང་ཟག་ ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་མ་ཡིན་ཏེ་ཞེས་སོགས་དང་། སྔ་རྒོལ་དབང་རྟུལ་ཡིན་མིན་སོགས་ཟེར་ན། འོ་ན་གང་མཐོང་བ་བོ་དེ་སྒྲུབ་བྱའི་ཆོས་སུ་འཛིན་དགོས་པར་ཐལ། འདོད་ན་ འགལ་བ་ལྷག་ལྷན་གྱི་མ་ངེས་པའི་གཏན་ཚིགས་མེད་པར་ཐལ་བའི་ཕྱིར་རོ་ཞེས་དང་ཡང་མ་ཟས་པའི་སོགས་ཀྱི་སྒྲུབ་དགོས། མཐུན་ཕྱོགས་ལ་མཐོང་ནས་མི་མཐུན་ཕྱོགས་ལ་ཤེས་འདོོད་དང་ལྡན་པའི་ གང་ཟག་གི་ངོར་དེ་རྟགས་ཡང་དག་དང་འགལ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ་ཞེས་སོགས་ཀྱི་སྒྲུབ་དགོས།། ཡང་མ་ཟས་པའི་ཤིང་ཐོག་ལྷག་མ་རྣམས་རེ་རེ་ནས་ཤེས་འདོད་ཆོས་ཅན་ཡིན་ཟེར་ན་ ཤེས་བྱ་ཐམས་ཅད་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་མེད། རེ་རེ་ནས་ཤེས་འདོད་ཆོས་ཅན་མིན་ཟེར་ན།། ཐར་གསལ་ལས ཤོག་གྲངས༥༩ ལྷག་མ་ཐམས་ཅད་རྩོད་གཞི་ཡིན་པས་དེ་ཁྱབ་པའི་སུན་འབྱིན་དུ་བརྗོད་ན་རིག་པའི་ལམ་ལས་འདས་ཤིང་བརྗོད་ན་ཡང་ཐེ་ཚོམ་དེ་ཉིད་ལས་མ་འདས་པའི་ཕྱིར་ཞེས་གསུངས་དོན་ལ་སོམས་ཤིག། ལུང་འགལ་གསུམ་པའི་སྐབས་ཀྱི་རྟགས་གསལ།། ལྷག་མ་ལྔ་བོ་དག་གཏན་ཚིགས་ཡང་དག་སམ་འགལ་བ་ཉིད་དུ་མ་ངེས་ཏེ་ ཐེ་ཚོམ་གྱི་རྒྱུའོ་ཞེས་པས་ ལྷམ་ལྔ་བོ་འམ་མ་ངེས་པའི་གཏན་ཚིགས་ཡིན་ན། རྟགས་ཡང་མ་ཡིན་པའི་ཁྱབ་པ་བསྟན་ཡང་།སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་མ་ངེས་ པའི་ཡིན་པར་ཀྱང་མ་བསྟན། ཁོ་རང་གིས་ཀྱང་རྟགས་ཡང་དག་ཏུ་ཁས་ལེན་པས། ལུང་དེས་གནོད་པ་གཏོང་ཚུལ་མེད་པའི་ཕྱིར་ཞེས་སོགས་ཀྱི་སྒྲུབ་དགོས་སོ།། ལུང་འགལ་བཞི་བའི་སྐབས་ཀྱི་རྟགས་གསལ།། གཞན་དོན་སྐབས་ཀྱི་རྟགས་ཀྱི་ནང་ནས་ཀྱང་སྒྲུབ་རྟགས་ཀྱི་དབང་དུ་བྱས་པ་ཡིན་གྱི་རྟགས་ཐམས་ཅད་ཀྱི་དབང་དུ་བྱས་མ་ཡིན་ཏེ་ཞེས་གསུངས་པས་སྒྲུབ་རྟགས་ཡང་དག་ལ་གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་རྟགས་ཡང་དག་མེད་གསུང་པའི་ཕྱིར། འདོད་ན འདོད་ན་གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་དགག་རྟགས་ཡང་དག་ཡོད་ཀྱང་། སྒྲུབ་རྟགས་ཡང་དག་མེད་དེ་ཞེས་སོགས་དང་ ཡང་ན་རིགས་རྒྱན་ལས སྒྲུབ་རྟགས་ཀྱང་ཐམས་ཅད་ལ་ནི་མ་ཡིན་ཏེ། སྐྱེས་བུ་འདི་ཆོས་ཅན་སྡུག་བསྔལ་བ་ཡིན་ཏེ། རི་བོང་རྭས་ཕོ་ཕུག་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། རི་བོང་རྭས་ཕོ་ཕུག་པ་ཆོས་ཅན། སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་ཏེ།དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག། ཕྱོགས་ཆོས་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། དེ་སྒྲུབ་ཀྱི་རྟགས་སུ་བཀོད་ནས་ཕྱོགས་ཆོས་མ་གྲུབ་པ་དེ། རི་བོང་རྭས་ཕོ་ཕུག་པ་སྐྱེས་བུ་སྡུག་བསྔལ་བར་སྒྲུབ་པའི་རྟགས་ལྟར་སྣང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར།། ཞེས་གསུངས་བ་ལ་སོམ་ཤིག། དེ་རྟགས་ཡང་དག་ཡིན་ན།། མཉན་བྱའི་དབང་བོའི་ཟུར་བཀོལ་ལས། རི་བོང་གི་རྭས་ཕུག་པ་ དེ་སྒྲུབ་ཀྱི་རྟགས་ལྟར་སྣང་དུ་སྒྲུབ་པའི་རྟགས་ཡང་དག་ཡོད་ན། གང་ཟག་གི་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་དགོས་པས། ཚད་མས་མ་དམིགས་པ་དེ༌གང་ཟག་གི་བདག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཞེས་སོགས་ལ་སོམས་ཤིག།། མ་སད་རི་བོང་ར་ཆོས་ཅན། རྟགས་ཡིན་ཏེ རྟགས་སུ་བཀོད་པའི་ཕྱིར། འདི་ལ་ཕྱོགས་ཆོས་གང་ཞིག་རྗེས་ཁྱབ་ཡིན་པའི་ཕྱིར། དེ་མིན་ན རི་བོང་གི་རྭ་རྟགས་ཡིན་པར་རྟོགས་པའི་རྗེས་དཔག་ཚད་མས་རྟེན་དུ་གྱུར་བའི་གཏན་ཚིགས་ཁོད་ཞོག།། གང་ཟག་བདག་ཆོས་ཅན་། མེད་དེ། ཚད་མས་མ་དམིགས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། ཡང་རྟགས་ཡང་དག་མ་ཡིན་པར་ཐལ། མཚུངས་བའི་ཕྱིར། འདོད་ན་དེ་ཡིན་པར་ཐལ གང་ཟག་གི་བདག་མེད་པ་དེ་སྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར།། འཁོར་སུམ་ དེར་ཐལ སྡེ་བདུན་ལས། དེ་བས་ན་རང་ལུགས་ནི་དེ་ལྟ་བུའི་རྟགས་ཀྱི་ཤེས་འདོོད་ཆོས་ཅན་ནི་དེ་ལྟ་བུའི་བདག་ཁོ་ན་ཡིན་ལ་ཆོས་གཞི་མ་གྲུབ་པའི་སྐྱོན་ཀྱང་མེད་དེ། དེ་ལྟ་བུའི་རྟགས་ལ་ནི་ཆོས་ཅན་དང་མེད་ངེས་ཀྱི་ཚོགས་སྒྲུབ་བྱ་ཡིན་པས་ཆོས་ཅན་གཞི་མ་གྲུབ་པ་ཉིད་དམ་བཅའ་ཚད་མས་སྒྲུབ་པའི་སྒྲུབ་བྱེད་ཡིན་ལ། ཆོས་ཅན་གཞི་གྲུབ་ན་དམ་བཅའ་ཚད་མས་བསལ་བར་འགྱུར་རོ། འདི་ལྟར་ཆོས་ཅན་གཞི་མ་གྲུབ་ན་ ཆོས་ཅན་དེ་དང་མེད་ངེས་ཀྱི་ཚོགས་དོན་གཞི་གྲུབ་དགོས་པའི་ཕྱིར་ཏེ། གཞི་གྲུབ་ན་རི་བོང་གི་རྭ་མེད་ངེས་ཡིན་པའི་ཁྱབ་པ་བཞིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། འདོད་ན་དེ་སྒྲུབ་བྱ་ཡང་དག་ཡིན་པར་ཐལ། འདོད་ན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་གང་ཞིག་རྟགས་ཡང་དག་ལ་བརྟེན་ནས་དཔག་པར་བྱ་བ་ཡིན་པར་ཐལ་ཞེས་སོགས་ཀྱིས་སྒྲུབ་དགོས།། སྒྲུབ་རྟགས་ལས་ཀྱང་རྟགས་ཆོས་དངོས་པོར་གྲུབ་པའི་སྦྱོར་བ་རྣམ་ལ་བྱེད་ཟེར་ཡང་། བ་སྤྱི་རྟགས་དངོས་དང་དེ་དོན་སྤྱི་གཅིག་དུ་འཁྲུལ་ཤེས་འདོད་ཡོད་པའི་ངོར་། དེ་ཆོས་ཅན་ མ་བྱས་བར་རྟོགས་པའི་ཚད་མ་ཚད་མ་ཡིན་པར་ཐལ། མ་སྐྱེས་པར་རྟོགས་པའི་ཚད་མ་ཚད་མ་ཡིན་པའི་ཕྱིར། མ་སྐྱེས་བར་རྟོགས་ཚད་མ་ཚད་མ་ཡིན་མིན་སོགས། སྒྲ་མི་རྟགས་པ་སོགས་ཀྱང་དེ་ལྟར་རོ།། ཡང་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པས་ཡིན་ན་གང་ཟག་བདག་ཆོས་ཅན་མེད་དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་སོགས་སྒྲུབ་དགོས།། མ་སད་དེ་སྒྲུབ་བྱ་རྟོགས་པའི་རྗེས་དཔག་ཚད་མའི་རྟེན་དུ་གྱུར་བའི་གཏན་ཚིགས་ཁོལ་ཞོག།། ཡང་ན་ཕུང་བོའི་ཚོགས་རྒྱུན་གང་ལའང་བཏགས་པ་ཙམ་མིན་པའི་གང་ཟག་རང་སྐྱ་བ་ཆོས་ཅན། རང་བཞིན་གྱིས་མེད། ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་མ་གྲུབ་པའི་ཕྱིར་ཞེས་པ་འདི་བདག་མེད་གསར་སྒྲུབ་ཀྱི་རིག་པ་ཡིན་པའི་ཕྱིར་འདོད་ན། འདོད་ན་དེ་ཆོས་ཅན། རྟགས་ཡང་དག་མ་ཡིན་པར་ཐལ། གང་ཟག་རང་སྐྱ་བའི་དོན་སྤྱི་དེ་ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་འང་མེད་པ་རྟོགས་ན་རང་བཞིན་གྱིས་མེད་པ་རྟོགས་དགོས་པའི་ཕྱིར། དེ་མི་དགོས་ན་རང་བཞིན་གྱིས་མེད་པ་རྟོགས་ཚད་སོགས་ལ་དཔྱད་པར་བྱའོ། དེའི་སྐབས་ཀྱི་རང་བཞིན་ཟེར་བ་དེ་ རྫས་ལ་གོ་དགོས་ཟེར་ན། བུམ་པའི་སྟོང་ཉིད་ཆོས་ཅན། རང་བཞིན་གྱིས་མེད་པར་ཐལ་ཞེས་སོགས་ཀྱིས་སྒྲུབ་དགོས། རྗེས་དཔག་ཚད་མ་ཡིན་ན་རང་གི་རྟེན་དུ་གྱུར་གཏན་ཚིགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཁྱབ་པར་ཐལ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར་འདོད་ན། དང་པོ་ཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་དེ་རྗེས་ཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་དེ་རྗེས་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མངོན་སུམ་མ་ཡིན་པ་གང་ཞིག་ལ་རྗེས་དཔག་མ་ཡིན་པའི་ཕྱིར་དང་། དང་པོ་དེར་དེ་ལྟར་རྟོགས་པའི་སོ་སྐྱེ་མེད་པའི་ཕྱིར།། གཉིས་པ་དེར་ཐལ། དེའི་རྟེན་དུ་གྱུར་བའི་གཏན་ཚིགས་མེད་པའི་ཕྱིར།། ཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་པའི་སྒང་ནས་ཉན་བྱ་དེ་གཞི་གང་ལ་ཡོད་པར་ངེས་ན་སྒྲ་དེ་ཡང་དེ་ལ་ཡོད་པར་ངེས་དགོས་པར་ཐལ། འདོདན། གཞི་དེའི་མཚན་མཚོན་གཉིས་ཀྱི་འབྲེལ་བ་ངེས་པས་སྒང་ནས་གཞི་དེ་མཚན་ཉིད་གང་ཡིན་པ་དེ་ཡིན་པར་ངེས་ན་མཚོན་བྱ་གང་ཡིན་པ་དེ་ཡིན་པར་ངེས་དགོས་ཐལ་། འདོད་ སྐད་ཅིག་མའི་རྟགས་ལས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ན་དེ་རྟགས་ཡང་དག་ཡིན་མིན་སོགས་ཀྱི་སྒྲུབ་དགོས།། མི་འདྲ་ཚུལ་ཟེར་ན་ སྐད་ཅིག་མ་དེ དངོས་པོ མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་སོགས་ལ་སོམས་ཤིག སྒྲ་རྟག་པ་མེད་མཐའ་ཡིན སྒྲ་མི་རྟག་པ་མ་ཡིན་པ་མེད་མཐའ་མ་ཡིན་སྒྲ་མི་རྟག་པ་མ་ཡིན་པ་ཡོད་པའི་ཕྱིར་ཏེ། སྒྲའི་རྒྱ་དུས་ཡིན་པའི་ཕྱིར། ༄༅།།ལུང་འགལ་སྐབས་ཀྱི་རྟགས་གསལ། ཆོས་མཐུན་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཀྱི་འགལ་མ་ངེས་པ་གཉིས་ཀྱི་གཏན་ཚིགས་ཡིན་ནམ་སྙམ་པའི་དོག་པ་ཆོད་ཟེར་ལ་དེ་ཡིན་ན། དེ་ཆོད་སྟངས་དང་མ་སད་དེ་ནས་བུ་རོ་སོགས་དང་། རྟག་པ་བྱས་སྟོང་ངེས་ནས་བྱས་པ་རྟག་སྟོང་མ་ངེས་པའི་གང་ཟག་གི་ངོར་བྱས་རྟགས་ལས་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་སྙམ་པའི་དོག་པ་ཆོད་མ་ཆོད་སོགས་། ཡང་ན་ཁྱབ་པ་འཁྲུལ་བ་ཅན་ཡིན་མིན་སོགས།། ༅། ཁས་ལེན་འཛིན་ཚུལ་སོགས། ཚད་མ་ཀུན་བཏུས་ལས་ཀྱང་།། ཡང་བརྗོད་པ་གང་ཞིག་གཉིས་ཀ་ལ་ངེས་པ་དེ་ཁོ་ན་སྒྲུབ་པ་འམ་སུན་འབྱིན་པ་ཡིན་གྱི་གང་ཡང་རུང་བ་ལ་མ་གྲུབ་པ་དང་ཐེ་ཚོམ་ཟ་བ་བརྗོད་པ་ནི་མ་ཡིན་ཏེ། ཡང་སྒྲུབ་པར་བྱེད་པ་ལྟོས་པའི་ཕྱིར་ཞེས་གསུང་ལ་དེའི་དོན་ནི་ བརྗོད་བྱ་གང་ཡིན་པ་རྟགས་ཀྱི་ཚུལ་ནི་སྔ་རྒོལ་ཕྱི་གཉིས་ཀ་ལ་ངེས་པ་དང་རྟགས་སྦྱོར་འགོད་པའི་ཕྱི་རྒོལ་མ་སད་ཐལ་འགྱུར་འགོད་པའི་རྒོལ་བས་ཀྱང་རྟགས་ཀྱི་ཚུལ་རྟོགས་དགོས་པ་དང་། སྔ་རྒོལ་ཕྱི་རྒོལ་གང་རུང་ལ་མ་གྲུབ་པ་དང་གང་རུང་གིས་ཐེ་ཚོམ་ཟ་ན་ཚུལ་དེས་དེ་སྒྲུབ་ཀྱི་སྒྲུབ་བྱ་སྒྲུབ་པའི་སྐབས་སུ་བབ་པ་མ་ཡིན་ཏེ་རྟགས་ཀྱི་ཚུལ་དེ་ཡང་སྒྲུབ་པར་བྱེད་པ་ལ་བལྟོས་པའི་ཕྱིར་ཞེས་པ་དེའི་དོན་ཡིན་པར་སྣང་ངོ་། དབུ་མ་རྒྱན་གྱི་ཟིས་བྲིས་ལས། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ན་རྟོག་པ་ལ་སྒྲ་མ་ཡིན་པ་ལས་ལོག་པར་སྣང་བའི་སྣང་ལྡོག་དངོས་པོར་མེད་པས། བྱས་པའི་རྟགས་དེ་ལ་སྒྲུབ་པ་མིན་གྱི། སྣང་གཞི་སྒྲ་ལ་གྲུབ་དགོས་ཏེ། དངོས་པོ་རྟགས་དང་སྒྲུབ་བྱའི་ཆོས་སུ་བྱེད་པའི་གནད་ཀྱིས་སོ།། ཞེས་པའི་དངོས་པོ་རྟགས་དང་བསྒྲུབ་བྱའི་ཆོས་སུ་བྱེད་པའི་གནད་ཀྱིས་སོ་ཞེས་པའི་སྐབས་ཀྱི་དངོས་པོ་རྟགས་དང་སྒྲུབ་བྱའི་ཆོས་སུ་བྱེད་པས་ཟེར་བ་དེ་སྒྲུབ་པ་རྟགས་དང་སྒྲུབ་པ་སྒྲུབ་བྱའི་ཆོས་སུ་གསུང་བས་ལུང་དོན་དེ་དང་འབྲེལ་ནས་བློ་རྒྱ་མི་ཆུང་བ་ཞིག་རྒྱས་པར་འཚལ་ལོ།། རྟགས་སྐྱོན་ཡིན་ན་རྟགས་ཡང་དག་མ་ཡིན་པའི་ཁྱབ་ལ་ རྟགས་སྐྱོན་ཅན་ཡིན་ན་རྟགས་ཡང་དག་ཡིན་པའི་ཁྱབ།། རྟགས་སྐྱོན་ཅན་ཟེར་བ་ག་འདྲ་ཞིག་ལ་ངེས་འཛིན་པ་རེད་ཟེར་ན་རྟགས་སྦྱོར་ལྟར་སྣང་བ་ཞིག་རྟགས་ཡང་དག་དུ་སྒྲུབ་པའི་རྟགས་ཡང་དག་ཞིག་ལ་རྟགས་སྐྱོན་ཅན་ཟེར། དཔེར་ན་སྒྲ་ཆོས་ཅན། ཉན་བྱ་མ་ཡིན་ཏེ། སྒྲ་ཉན་བྱ་མ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་ སྒྲ་ཉན་བྱ་མ་ཡིན་པ་ཆོས་ཅན་ ཁྱོད་སྒྲ་ཉན་བྱ་མ་ཡིན་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་བཀོད་གང་ཞིག ཕྱི་རྒོལ་གྱི་ཚད་མས་བསལ་ཞུག་པའི་ཕྱིར། འདི་ཕྱོགས་སྐྱོན་ཅན་དང་རྟགས་སྐྱོན་ཅན་གཉིས་ཀྱི་གཞི་མཐུན་ཡིན་ཟེར་ལ། ཡང་ཕྱོགས་སྐྱོན་ཅན་ཡིན་ཚད་ དཔེར་ན་སྒྲ་ཆོས་ཅན། ཉན་བྱ་མ་ཡིན་ཏེ། སྒྲ་ཉན་བྱ་མ་ཡིཔའི་ཕྱིར་ཞེས་བཀོད་པའི་ཚེ་ན་ སྒྲ་ཉན་བྱ་མ་ཡིན་པ་ཆོས་ཅན། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་སྐྱོན་ཅན་ ཅན་ཡིན་དེ། དེ་སྒྲུབ་ཀྱི་ཕྱོགས་སུ་བཟུང་བ་གང་ཞིག་ཕྱི་རྒོལ་གྱི་ཚད་མས་བསལ་བ་ཞུག་པའི་ཕྱིར།། རིགས་རྒྱན་དང་ ཚད་མས་ལམ་བསྒྲིགས་གཉིས་ཀའི་ལུང་དོན་ནི། རང་གི་ངོ་བོར་གྱུར་བའི་གང་ཟག་གི་བདག་མེད་དང་དོན་གཞན་གྱི་བདག་གི་སྟོང་བ་ལ་བྱེད་། རང་གི་ངོ་བོར་གྱུར་བའི་གང་ཟག་གི་བདག་མེད་པ་གྲུབ་ཚད་དེ། ཕུང་བོ་དང་ངོ་བོ་གཅིག་ཏུ་གྱུར་བའི་གང་ཟག་གི་བདག་མེད་པ། དོན་གཞན་གྱི་བདག་གི་སྟོང་བ་གྲུབ་ཚད། ཕུང་བོ་དང་ངོ་བོ་ཐ་དད་པའི་བདག་གི་སྟོང་བ་ལ་བྱེད་ཀྱང་བདག་མེད་ཕྲ་མོ་སོགས་ལ་མི་བྱེད།། དེ་ལྟ་བུའི་གཏན་ཚིགས་གཉིས་པོ་དེ་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ཀུན་བཏགས་ཞེན་ཡུལ་རྣམ་པར་བཅད་པས་ཞེས་པ་དེ་གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ལ་མི་ཟེར་ཞིང་ སྤྱིར་གང་ཟག་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་མེད་པ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་དགོས་ལ་དཔེར་ན་སྒྲ་རྟགས་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་མེད་པ་རྟོགས་ན་སྒྲ་མི་རྟག་པ་རྟོགས་དགོས་པ་ལྟ་བུའོ།། ཡིན་ཡང་འདིའི་སྐབས་ཀྱི་གང་ཟག་གི་བདག་འཛིན་ཀུན་བཏགས་ཟེར་བ་དེ། གང་ཟག་གི་བདག་འཛིན་དངོས་གནས་པ་ལ་མིི་བྱེད་ལ། ཕྱི་རོལ་བ་སོགས་པས་ཕུང་བོ་གང་ཟག་རང་སྐྱ་བ་དང་རང་བཞིན་གཅིག་ཏུ་མེད་པ་དང་ཡོད་པར་འཛིན་པའི་འཛིན་པ་འདི་གང་ཟག་འཛིན་ཀུན་བཏགས་རེད་ཟེར་ནས་ཁས་ལེན་ལ་དེའི་ཞེན་ཡུན་རྣམ་པར་བཅད་པས་གང་ཟག་གི་བདག་འཛིན་དེ་ཀུན་བཏགས་པ་ལྟར་གྱི་སྒྲོ་བདོགས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའམ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བདག་མེད་གཉིས་གྲུབ་ལ་ཞེས་པའི་དོན་ནོ།། ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མེད་པ་ཞེས་པའི་མེད་ ཚད་དེ་རང་བཞིན་གྱིས་གྲུབ་པའི་ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་མེད་པ་ལ་བྱེད། ཡང་རང་བཞིན་གྱིས་གྲུབ་པའི་ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་འང་མེད་པ་རྟོགས་ རང་བཞིན་གྱིས་མེད་པ་རྟོགས་མི་དགོས། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་གཞི་ལམ་རྣམ་གསུམ་བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་ཡང་མེད་པ་རྟོགས་ན་བདེན་པར་མེད་པ་རྟོགས་མི་དགོས་པ་ལྟ་བུའོ།། ཡང་ན་གང་ཟག་རང་སྐྱ་བའི་དོན་སྤྱི་དེ་ཕུང་བོ་རང་བཞིན་ཐ་དད་ཡིན་ཡང་ཕུང་བོ་དང་རང་བཞིན་ཐ་དད་དུ་མ་གྲུབ་ཕུང་བོ་དང་རང་བཞིན་ཐ་དད་གྲུབ་ན།། རང་བཞིན་གྱིས་གྲུབ་པའི་སྒོ་ནས་ཕུང་བོ་དང་ རང་བཞིན་ཐ་དད་ཡིན་དགོས་ལ་དེ་རང་བཞིན་གྱིས་མེད་པའི་ཕྱིར་ཏེ། ཀུན་བཏགས་ཡིན་པའི་ཕྱིར།།མདོར་བསྡུས་ན། ཕུང་བོ་དང་རང་བཞིན་ཐ་དད་ཡིན་ན། ཕུང་བོ་དང་རང་བཞིན་ཐ་དད་དུ་ཡོད་པའི་མ་ཁྱབ། དཔེར་ན་དབུ་མ་རང་རྒྱལ་པའི་ལུགས་ལ། སྟོང་ཉིང་དེ་གནས་ལུགས་སུ་གྲུབ་ཀྱང་གནས་ལུགས་མ་ཡིན་ལ། གནས་ལུགས་ཡིན་ན། བདེན་པར་གྲུབ་དགོས་པས་བདེན་པར་མ་གྲུབ་ཟེར་དེ་ལྟར་རོ།། གཞན་དབང་གྲུབ་ཡོངས་གྲུབ་གཉིས་རང་བཞིན་གྱི་གྲུབ་པ་ཡིན། དཔེར་ན་འདས་བྱས་དང་སྟོང་ཉིད་ལྟ་བུའོ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བདེན་པར་མ་གྲུབ་རང་བཞིན་གྱིས་མ་གྲུབ། དཔེར་ན། སྟོང་ཉིད་མ་ཡིན་པའི་རྟག་པ། རྗེས་དཔག་བྱ་དང་དེ་མཚུངས་ལ།ཡོད་དང་མེད་ལ་མེད་པར་ནི་ངེས་པ། ཞེས་པས་ཚུལ་གསུམ་བསྟན་ལ་དེས་བསྟན་ཚུལ་གྱི་རིིམ་པ་ནི། རྗེས་དཔག་བྱ་ཞེས་པའི་ཕྱོགས་བཏགས་པ་བའི་ཤེས་འདོད་ཆོས་ཅན་སྟོན་པ་ལྟར་འདི་ནས་ཡང་རྗེས་སུ་དཔག་བྱ་ཞེས་སྒྲུབ་བྱའི་མིང་གིས་བཏགས་ནས་ཤེས་འདོོད་ཆོས་དང་དེ་མཚུངས་ལ་ོཡོད་ཞེས་ཤེས་འདོད་ཆོས་ཅན་ཡོད་པར་མཚུངས་བའི་སྒོ་ནས་སྒྲུབ་བྱའི་ཆོས་ལ་ཡང་ཡོད་པར་བསྟན་། མེད་ལ་ཞེས་པའི་རྟགས་མེད་པའི་གཞི་མི་མཐུན་ཕྱོགས་བསྟན་ལ་མེད་པར་ནི་ཞེས་པས་ རྟགས་དེ་ལ་མེད་པར་ བསྟན་ནས་ངེས་པ་ཞེས་པ་ཚུལ་གསུམ་གྱི་མཐར་སྦྱར་ནས་ཚུལ་གསུམ་དེ་ལྟར་བསྟན་ནོ། ཕྱོགས་ཆོས་དེའི་ཆས་ཁྱབ་ཡི།། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།། མེད་ན་མི་འབྱུང་ངེས་ཕྱིར་རོ།། གཏན་ཚིགས་ལྟར་སྣང་དེ་ལས་གཞན།། ཞེས་པས་ཚུལ་གསུམ་བསྟན་ཚུལ་གྱི་རིམ་པ་ནི། ཕྱོགས་ཞེས་པས་ཕྱོགས་བཏགས་པ་ཤེས་འདོད་ཆོས་ཅན་བསྟན་ལ། ཆོས་ཞེས་པས་བྱས་པ་དེ་དེའི་ཆོས་སུ་གྲུབ་པར་བསྟན། དེའི་ཆས་ཞེས་པས་སྒྲ་དེ་སྒྲུབ་བྱའི་ཆོས་མི་རྟག་པ་ལ་ཁྱབ་པ་ཡི་ཞེས་པས་རྟགས་བྱས་པའི་ཁྱབ་ཡི་ཞེས་པས་རྗེས་ཁྱབ་བསྟན་ནས་ལྡོག་ཁྱབ་ཤུག་ལ་བསྟན་བར་སྙམ་མོ།། ལུང་འགལ་ལྔ་བ། དང་པོ་ཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་དེ་རྗེས་ཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་དེ་རྗེས་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་ཅིག་མེད་ཟེར་དགོས་ལ།། ཐར་ལམ་གསལ་བྱེད་ལས་གསུང་བ་དེ་ རགས་པའི་ངོར་གྱུར་བའི་ཉན་བྱ་དང་སྒྲ་སོགས་མངོན་སུམ་གྱི་དེ་ལྟར་ངེས་པ་ཡོད་པའི་དོན་ནོ།། དེའི་སྐབས་ཀྱི་ཉན་བྱ་དང་སྒྲ་གཉིས་ཟེར་བ་དེ་དང་པོ་གྲུབ་ཙམ་ནས་འཇིག་པའི་བོར་གྲུབ་པའི་ཕྲ་ངོ་བོ་གྱུར་བའི་སྒྲ་མི་རྟག་པ་ཕྲ་མོ་དང་། སོ་སོའི་སྐྱེ་བོས་རྟོགས་ནུས་པའི་དུང་སྒྲ་སྐད་ཅིག་དང་པོ་དང་གཉིས་པ་ལྟ་བུ་རགས་པའི་མི་རྟག་པ་ལྟ་བུ། གཉིས་སུ་བྱས་ནས་ཕྱི་མའི་ངོ་བོར་གྱུར་བའི་སྒྲ་དེ་ལ་བྱེད་ཀྱི་སྒྲ་མི་རྟག་པ་ལ་མི་བྱེད་པར་སྙམ་མོ། དང་པོ་ཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་དེ་རྗེས་ཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ངེས་དེ་རྗེས་སྒྲ་མི་རྟག་པ་རྟོགས་པའི་བློ་ཞིག་སོ་སའི་སྐྱེ་བོའི་རྒྱུད་ལ་མེད་ཟེར་མཁན་ཡང་ཡོད། ཡང་ཁེས་ལེན་འཛིན་གཞན་ཞིག་ལ། ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མ་ཡིན་ཟེར་དེ། སྒྲ་ཁོ་རང་ཤེས་འདོད་ཆོས་ཅན་དུ་བྱས་ནས་མ་རྟོགས་ཀྱང་། ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ རྟོགས་ཏེ། ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་རྟོགས་པ་ཡིན་ནོ། ཞེས་དོན་ཡིན་ཟེར་ཞིང་། རྗེས་དཔག་ཚད་མ་ཡིན་ན་རྟེན་དུ་གྱུར་བའི་གཏན་ཚིགས་ལ་བརྟེན་ནས་སྐྱེས་པ་ཡིན་པའི་ཁྱབ་ཀྱི་དངོས་སུ་སྐྱེས་པའི་མ་ཁྱབ་བོ་ཞེས་ཟེར་། དེ་དག་གཉིས་ལས་གང་འཚམས་ཞིག་གདམ་རོགས། ཆོས་གྲགས་དགོངས་རྒྱན། གསུམ་པ་ལ་གཉིས། འབྲེལ་བའི་རང་ལྡོག་དང་རྗེས་ཁྱབ་སྒྲུབ་བྱེད་ལྟོས་མེད་ཀྱི་རྟགས་བཤད་པ། འབྲེལ་བའི་དོན་ལྡོག་དང་ལྡོག་ཁྱབ་སྒྲུབ་བྱེད་གནོད་པ་ཅན་གྱི་རྟགས་བཤད་པའོ།། ཆོས་གྲགས་དགོངས་རྒྱན། དེ་བཞིན་དུ་རྟག་ན་མ་བྱས་པས་ཁྱབ་པ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པར་ཐལ། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་དངོས་སུ་བསྟན་ནས་རྗེས་ཁྱབ་ཤུགས་ལ་བསྟན་པའི་ཕྱིར་ན་མ་ཁྱབ། ཆོས་གྲགས་དགོངས་རྒྱན དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡོད་དེ། རང་ཉིད་དེ་སྒྲུབ་ཀྱི་རྟགས་ཚུལ་གསུམ་པར་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་གཏན་ཚིགས་དེ་དེ་ཡིན་པའི་ཕྱིར། ཐར་ལམ་གསལ་བྱེད་ལས། རྗེས་སུ་འགྲོ་བ་དང་ལྡོག་པའི་ཁྱབ་པ་ནི་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་།མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། ༤༧ བློ་གསལ་མགུལ་རྒྱན་ལས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་གསལ་གསུམ་པར་སོང་བའི་གང་ཟག་གིས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་མཚན་ཉིད་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་གསལ་གསུམ་པར་སོང་བའི་གང་ཟག་གིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་རང་ཉིད་མེད་པ་ཁོ་ནར་ངེས་པ་རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། སྒྲ་ཆོས་ཅན བྱས་པ་མ་ཡིན་པར་ཐལ མི་རྟག་པ་མ་ཡིན་པའི་ཕྱིར། རང་གི་མཐོང་དོན་རབ་གསལ་བྱེད་ཞེས་པས། སྒྲུབ་ངག་ཡང་དག་ཡིན་པ་ལ་ སྒྲ་བློ་དོན་གསུམ་གྱི་སྐྱོན་དང་བྲལ་བ་ཞིག་དགོས་པར་བསྟན་ལ། སྒྲ་སྐྱོན་ཞེས་པས་ སྒྲུབ་ངག་དེ་ཆད་ལྷག་ནོར་གསུམ་ཀྱི་སྐྱོན་དང་བྲལ། བློ་སྐྱོན་ཞེས་པས ཚུལ་གསུམ་རང་འགོད་པ་སྔ་རྒོལ་དེས་གྲུབ་པ དོན་སྐྱོན་ཞེས་པས ཚུལ་གསུམ་གང་ཟག་ཕ་རོལ་བའི་སྒྲོ་བཏགས་པ་ཞིག་མ་ཡིན་པར་དོན་སྟངས་གྲུབ་པ། ཡིད་ཆེས་སྐོར་གྱི་ལུང་ཐོ ཚད་མ་སྡེ་བདུན་རྒྱན་ལས། དེ་ལྟ་ན། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་དཔྱད་པ་གསུམ་གྱི་དག་པ་མེད་པར་འགྱུར་ལ། དེ་འདོད་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ།། ཞེས་པའི་ལུང་དེ་དཔྱད་པ་གསུམ་གྱི་དག་པ་མ་ཡིན་པར་ཐལ་ལོ། ༣༧༤ ཕར་ཕྱིན་སྐབས་དང་པོ་ལས། དཔྱད་གསུམ་གྱི་དག་པའི་ལུང་དེ་ཉན་ཐོས་ཞི་བ་སོགས་རང་གི་བསྟན་བྱའི་དོན་ལ་མི་སླུ་བའི་རྟགས་ཡང་དག་མ་ཡིན་ཏེ། མཁྱེན་གསུམ་ཤིན་ཏུ་ལྐོག་གྱུར་མ་ཡིན་པའི་ཕྱིར།། ཆོས་གྲགས་དགོངས་རྒྱན་ལས། ཁ་ཅིག་འཕགས་པའི་བདེན་པ་བཞི་བོ་ཤིན་ཏུ་ལྐོར་གྱུར་ཡིན་ཏེ། ཀུན་འབྱུང་བདེན་པ་ལས་ སྡུག་བསྔན་བདེན་པ་འབྱུང་བ་ཤིན་ཏུ་ལྐོག་ཡིན་པའི་ཕྱིར། ཀུན་འབྱུང་དགེ་བའི་ལས་ལས་ རྣམ་སྨིན་བདེ་བ་འབྱུང་བ་དང་། ཀུན་འབྱུང་མི་དགེ་བའི་ལས་ལས་རྣམ་སྨིན་སྡུག་བསྔལ་འབྱུང་བ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་ཞེས་ཟེར། དེ་མ་འཐད་པར་ཐལ། རང་འགྲེལ་ལས། ལུང་ལ་ལྟོས་པ་མེད་པའི་རྗེས་སུ་དཔག་པའི་ཡུལ་དུ་འདོད་པ་དག་ལ་དེ་བཞིན་དུ་འགྱུར་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་དག་ལྟ་བུའོ། ཞེས་བདེན་བཞི་དངོས་སྟོབས་རྗེས་དཔག་གི་ཡུལ་དུ་གསུང་བའི་ཕྱིར༢༡༦ དབུ་མའི་སྤྱི་དོན་ལས། ཚུར་མཐོང་གི་རྒྱུད་ཀྱི་མིག་དབང་ཆོས་ཅན མངོན་སུམ་ཡིན་པར་ཐལ། ལྷའི་མིག་གི་མངོན་ཤེས་དེ་ལ་མངོན་སུམ་ཡིན་པའི་ཕྱིར་ཟེར་ན། ཁྱབ་པ་ཁས་འདོད་མི་ནུས་ཏེ། ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། ཆོས་གྲགས་དགོངས་རྒྱན་ལས རྟགས་གསལ། འོ་ན་ཡུལ་དེ་དངོས་སྟོབས་ཚད་མས་ཡུལ་གང་ཞིག་ཡུལ་དེ་དངོས་སྟོབས་ཚད་མས་གནོད་པས་དག་ན་དངོས་སྟོབས་ཚད་མས་གྲུབ་དགོས་པའི་ཕྱིར།། མི་དགོས་ན། དཔྱད་གསུམ་གྱི་དག་པའི་ལུང་དེ། ཉན་ཐོས་ཞི་བ་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་དངོས་སྟོབས་ཚད་མས་གནོད་པ་དག་པ་ཙམ་གྱིས་སྒྲུབ་བྱ་གྲུབ་འགྲོ་བའི་རྒྱུ་མཚན་ཡོད་པའི་ཕྱིར།། ཡང་ན་མཐུན་དཔེ་བདེན་བཞིའི་གསུམ་རབ་དེ་དཔྱད་གསུམ་གྱི་དག་པར་རྟོགས་པའི་དངོས་སྟོབས་རྗེས་དཔག་ཡོད་མེད་ཞེས་སོགས་ཀྱིས་སྒྲུབ་དགོས། འདོད་ན་ ཡུལ་དེ་ཡིད་ཆེས་རྗེས་དཔག་གི་ཡུལ་གང་ཞིག་ལ་ཡིད་ཆེས་རྗེས་དཔག་གི་གནོད་པས་དག་ན་ཡུལ་དེ་ཡིད་ཆས་ཚད་མས་རྟོགས་པའི་ཁྱབ་པར་ཐལ།། འདོད་ན སྦྱིན་པ་བཏང་བ་ལས་ལོང་སྦྱོད་འབྱུང་བ་ཆོས་ཅན། ཡིད་ཆེས་ཚད་མས་རྟོགས་པར་ཐལ། ཡིད་ཆོས་ཚད་མས་ཡུལ་གང་ཞིག། ཡིད་ཆེས་ཚད་མས་གནོད་པའི་དག་པའི་ཕྱིར། འདོད་ན་སྦྱིན་པ་བཏང་བ་ལས་ལོང་སྤྱོད་འབྱུང་བ་རྟོགས་པར་ཐལ། འདོད་ན་ རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་པར་རྟོགས་པར་ཐལ་ལོ།། ཡང་ན་དཔྱད་གསུམ་གྱི་དག་པའི་ལུང་ཡིན་ན་རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་པའི་ཁྱབ་པར་ཐལ། འདོད་ན། སྦྱིན་པ་བཏང་བ་ལས་ལོང་སྤྱོད་མི་འབྱུང་བ་ཞེས་པའི་ལུང་ཆོས་ཅན། རྟོགས་བཟོ་བྱས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་མི་སླུ་བ་ཡིན་པར་ཐལ། དཔྱད་གསུམ་གྱི་དག་པའི་ཕྱིར། རང་སྨྲ་བ་བོའི་གང་ཟག་གི་ཚད་མས་གྲུབ་པ ཟེར་ན། དེ་མ་ཡིན་པར་ཐལ། དེ་ངོས་ན་ཚད་མས་གྲུབ་པར་ངེས་འགྲོ་ཕྱིར། དེར་ཐལ། མ་གྲུབ་ན སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་ཚད་མ་མེད་པར་རྟོགས་པ་ན་ དེ་སྒྲ་རྟག་མ་ཡིན་པར་རྟོགས་འགྲོ་བ་ཡིན་པའི་ཕྱིར། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་སོགས་དང་རིགས་འདྲེའོ། གཉིས་པ ཡང་ན་སྦྱིན་པ་བཏང་བ་ལས་ལོངས་སྦྱོད་འབྱུང་བ་ཆོས་ཅན། ཤིན་ལྐོག་ཡིན་པར་ཐལ། འོ་ན་སྣར་སྨིན་ཡིད་དུ་འོང་བ་ལས། ལས་དགེ་བ་སྔོན་དུ་སོང་བ་ཆོས་ཅན། ཤིན་ལྐོག་ཡིན་པར་ཐལ། གསུམ་པ དངོས་སྟོབས་ཀྱི་རྟགས་ཀྱི་མཚན་མཚོན་ལ་ཚད་མས་ངེས་རིམ་མ་གྲུབ་པའི་ཕྱིར ཡིག་ཆའི་དོག་གཅོད་ལས ༢༥ དེས་ན་རང་གི་ལོག་ཕྱོགས་དང་པོ་མངོན་སུམ་ཚད་མས་སྒྲུབ་མི་ནུས་པ་འམ། རང་ཉིད་དང་པོར་མངོན་སུམ་ཚད་མས་སྒྲུབ་ནུས་པ་གང་རུང་དེ་མངོན་སུམ་ཚད་མས་གནོད་པ་མེད་པའི་དོན་དང་། རང་གི་ལོག་ཕྱོགས་དང་པོ་མངོན་སུམ་ཚད་མས་སྒྲུབ་ནུས་པ་དེ་དེས་གནོད་པའི་དོན་དུ་འཇོག་དགོས་སྙམ། དེས་ན་མངོན་སུམ་ཚད་མས་གནོད་པ་དག་ཚུལ་དེ་ལ་གཉིས་ལས། རང་གི་ལོག་ཕྱོགས་མངོན་ཚད་མས་སྒྲུབ་མི་ནུས་པའི་ཆ་ནས་མངོན་སུམ་ཚད་མས་གནོད་པས་དག་པ་གཅིག་དང་།། རང་ཉིད་དང་པོ་མངོན་སུམ་ཚད་མས་སྒྲུབ་ནུས་པའི་ཆ་ནས་མངོན་སུམ་ཚད་མས་གནོད་པ་དག་ཚུལ་གཉིས་ཡོད།། རང་གི་ལོག་ཕྱོགས་དང་པོ་མངོན་སུམ་ཚད་མས་སྒྲུབ་ནུས་པ་དེ་དེས་གནོད་པའི་དོན་དུ་འཇོག་གངས་རིའི་ཁ་དོག་སྔོན་པོ་དེ་ལ་མངོན་སུམ་ཚད་གནོད་ལ་གནོད་དེ་དེའི་ལོགས་ཕྱོགས་ གངས་རིའི་ཁ་དོག་སྔོན་པོ་མ་ཡིན་པ་རྟོགས་ནུས་པས་མངོན་སུམ་གྱིས་གནོད།། མངོན་སུམ་གྱི་གནོད་པ་དག་སྟེ། དེ་བཞིན་དུ་སྦྱིན་བཏང་བ་ལས་ལོང་སྤྱོད་མི་འབྱུང་བ་དེ་ལ་མངོན་སུམ་ཚད་མས་གནོད་པས་དག་སྟེ་དེས་སྦྱིན་པ་བཏང་བ་ལས་ལོང་སྤྱོད་མི་འབྱུང་བ་འགྲུབ་མི་ནུས་པའི་ཕྱིར།། དངོས་སྟོབས་ཚད་མས་གནོད་པ་དག་སྟེ། དེའི་ལོག་ཕྱོགས་སྦྱིན་བཏང་བ་ལས་ལོང་སྤྱོད་མི་འབྱུང་བ་དངོས་སྟོབས་ཚད་མས་འགྲུབ་མི་ནུས་པ་དང་། ཡིད་ཆེས་ཚད་མས་གནོད་པ་དག་སྟེ། སྦྱིན་པ་བཏང་བ་ལས་ལོང་སྤྱོད་འབྱུང་བ་ཡིད་ཆས་ཚད་མས་རྟོགས་ནུས་པ་འམ་འགྲུབ་ནུས་པའི་ཕྱིར། བླངས་དང་དོར་བྱའི་དེ་ཉིད་ཞེས་པས་ དོར་བྱ་ཀུན་འབྱུང་བདེན་པ་དང་སྡུག་བདེན་གཉིས། བླངས་བྱ་འགོག་བདེན་དང་ལམ་བདེན་ཟེར། ཀུན་འབྱུང་བདེན་པ་ལས་སྡུག་བསྔལ་བདེན་པ་འབྱུང་བ་ཟེར་ཀུན་ཀུན་འབྱུང་བདེན་པ་ འོ་ན་ཡུལ་དེ་དངོས་སྟོབས་ཚད་མས་ཡུལ་གང་ཞིག་ཡུལ་དེ་དངོས་སྟོབས་ཚད་མས་གནོད་པས་དག་ན་དངོས་སྟོབས་ཚད་མས་གྲུབ་དགོས་པའི་ཕྱིར།། སྤྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། བཟོད་པས་མདངས་འབྱུང་བརྩོན་པས་བརྗིད།། བསམ་གཏན་ཀྱིས་ཞི་བློ་ཡིས་གྲོལ།། ཐར་ལམ་གསལ་བྱེད་ལས དེ་ལྟར་དེ་རྣམས་ལ་ཤིང་གི་རང་དབང་སྟེ་དངོས་མིང་དུ་འཇུག་པ་མེད་པར་ཐལ་བའི་ཕྱིར་རོ། དེ་ལྟར་ན་བཏགས་མིང་དུ་འགྱུར་ལ། དེ་ཡིན་ན་ཤིང་དང་ཤིང་གསལ་ཀྱི་གཞི་མཐུན་མི་སྲིད་པར་འགྱུར་རོ། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཤིང་སྒྲ་འཇུག་པ་ཡིན་པར་ཤིང་སྒྲ་དེ་ཤིང་གསལ་རྣམས་ལ་བཏགས་ནས་འཇུག་པར་ཐལ་བའི་ཕྱིར་དང་། དེའང་འདོད་ན་ཤིང་དང་ཤིང་གསལ་གྱི་གཞི་མཐུན་མི་སྲིད་པར་འགྱུར་རོ།། ཕྱོགས་སྒྲའི་ཚིག་འགྲེལ། ཁ་ཅིག རྟགས་གསལ་དང་པོ་འཆད་པའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཀྱི་སྒྲས་སྟོན་པ་རིགས་ཀི་མ་རེད་ དེ་ཆོས་ཅན་ལ་གོ་ཐུབ་ཀི་མ་རེད་ཕྱོགས་དངོས་གནས་པ་ལ་སྒྲུབ་བྱ་ལ་གོ་འགྲོ་ཀི་རེད། དེ་ཡིན་ཙ་བྱས་པ་དེ་དེའི་ཆོས་སུ་ངེས་དགོས་ཀི་རེད་དེ་ཡིན་ན། དེ་ཡིན་ན་སྒྲུབ་བྱ་ངེས་སོང་བ་རེད་དེ་ཡིན་ཙ་སྒྲུབ་བྱ་ངེས་སོང་བའི་གང་ཟག་གི་ངོར་སླར་ཡང་སྒྲ་མི་རྟག་པ་སྒྲུབ་པ་དོན་མེད་ཀི་རེད། དེས་ན་ཆོས་ཅན་རང་མིང་གི་བརྗོད་པར་རིགས་སོ་ཞེ་ན། རང་ལུགས་ འོ་ན་ཆོས་ཅན་ཞེས་པའི་སྒྲ་དེ་ཡང་རྩོད་ལ་ཁོ་ན་ལ་གོ་ཐུབ་ཀི་མ་རེད། ཆོས་ཅན་ཞེས་པའི་སྒྲ་དེ་མཐུན་དཔེ་ཆོས་ཅན་དང་མི་མཐུན་དཔེ་ཆོས་ཅན་གསུམ་ཀ་ལ་འཇུག་པས། དཔེ་གཉིས་ཀྱི་ཆོས་སུ་གྲུབ་པ་ཙམ་གྱིས་རྟགས་གསལ་དང་པོ་གྲུབ་སོང་སྙམ་པའི་དོག་པ་སྐྱེ་ཀི་རེད། དེ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་མི་རྟག་གཉིས་ཀར་སྒྲུབ་པའི་མཐུན་དཔེ་དང་མི་མཐུན་དཔེ་བུམ་པའི་ཆོས་གྲུབ་པ་ཙམ་གྱིས་རྟགས་གསལ་དང་པོ་ཡིན་ནམ་སྙམ་པའི་དོག་པ་སྐྱེ་ཀི་རེད། དེ་ཡིན་ན་ཚུལ་ཡིན་ན་རྟགས་ཡང་དག་ཡིན་པའི་ཁྱབ་པ་སྒྲུབ་པའི་ནུས་པ་ཡོད་ཀི་མ་རེད། རྒྱུ་མཚན་ཚུལ་གསུམ་ཇི་ལྟ་བ་བཞིན་དུ་རྟོགས་མེད་པས་སོ། ཁ་ཅིག དེ་ལ་ཉེས་པ་མེད་དེ། ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་དེ་མཐུན་དཔེ་ཆོས་ཅན་ལ་གོ་སོང་བ་ཡིན་ན་རྗེས་ཁྱབ་སྟོན་པའི་སྐབས་སུ་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་ཟིན་པ་དང་སྒྲ་ཟློས་བ་དང་། མི་མཐུན་དཔེ་ཆོས་ཅན་ལ་གོ་སོང་བ་ཡིན་ན་ལྡོག་ཁྱབ་སྟོན་པའི་སྐབས་སུ་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་བསྟན་པ་དང་སྒྲ་འགལ་བའི་སྐྱོན་དུ་འགྱུར་བའི་ཤུགས་དང་རྩོད་གཞི་ལ་ཉེ་བའི་ཤུགས་ཀྱིས་ཀྱང་རྩོད་གཞི་ཁོ་ན་ལ་གོ་བར་འགྱུར་རོ། རང་ལུགས། དེ་ལ་ཉེས་པ་གཉིས་ཏེ། མགོ་མཚུངས་དང་རིག་པ་གཞན་ནོ། འོ་ན་ཕྱོགས་ཀྱི་བརྗོད་ཀྱང་ཉེས་པ་མེད་པར་ཐལ། ཕྱོགས་ཞེས་པའི་སྒྲ་དེ་སྒྲུབ་བྱའི་ཆོས་ལ་གོ་སོང་བ་ཡིན་ན རྗེས་ཁྱབ་སྟོན་པའི་སྐབས་སུ་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་སྟོན་པ་དང་སྒྲ་ཟློས་པ་དང་། སྒྲུབ་བྱའམ་ཚོགས་དོན་ལ་གོ་སོང་བ་ཡིན་ན་ཚོགས་དོན་སྔར་མ་གྲུབ་པ་སྒྲུབ་བྱེད་དུ་བསྟན་པ་དང་སྒྲ་འགའ་བའི་ཤུགས་ཀྱིས་ཀྱང་རྩོད་གཞི་ཁོ་ན་ལ་གོ་བར་འགྱུར་རོ། གཉིས་པ་ལ་གསུམ་ལས་དང་པོ། རྩོད་གཞི་ཁོ་ན་ལ་ཉེ་བ་མི་འཐད་པ་དང་། གྲུབ་ཟིན་ལན་དུ་མི་རུང་བ། རང་ལན་ནོ་གསུམ་ལས། དང་པོ་ཆོས་ཅན་ཞེས་པའི་རྩོད་གཞི་ཁོ་ན་ལ་ཉེ་བ་མི་འཐད་པར་ཐལ། མཐུན་དཔེ་ཆོས་ཅན་ལ་ཡང་ཉེ་བའི་ཕྱིར་ཏེ་ དེའི་མིང་ཟུར་དུ་ཆོས་ཅན་ཞེས་པའི་མིང་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ལས། གྲུབ་ཟིན་མི་འཐད་པ་དང་གྲུབ་ཟིན་ཀྱང་ཟློས་སྐྱོན་དུ་མི་འཐད་པ་གཉིས་ལས། རྟགས་མཐུན་ཕྱོགས་ཡོད་པར་གྲུབ་ན་མཐུན་དཔེ་ལ་ཡོད་པར་གྲུབ་པའི་ཁྱབ་པར་ཐལ། རྗེས་ཁྱབ་གྲུབ་ན་སྒྲུབ་བྱ་གྲུབ་མི་དགོས་པའི་ཕྱིར་ཟེར་ཞིང་དེ་ལ་འགྲེལ་ཚུལ་མང་དུ་ཡོད་པ་ལས། དང་པོ རང་ལུགས་ལ་རྟགས་མཐུན་ཕྱོགས་ལ་ཡོད་པར་གྲུབ་ན་མཐུན་དཔེ་ལ་ཡོད་པར་གྲུབ་པའི་མ་ཁྱབ་ལ། ཁ་ཅིག་གིས་རྟགས་གསལ་དང་པོའི་སྐབས་སུ་ཆོས་ཅན་ཞེས་པ་དེ་མཐུན་དཔེ་ལ་གོ་སོང་བ་ཡིན་ན་རྗེས་ཁྱབ་སྐབས་སུ་རྟགས་མཐུན་ཕྱོགས་ལ་ཡོད་པར་བསྟན་པ་དང་སྒྲ་ཟློས་པའི་སྐྱོན་དུ་འགྱུར་ཞེས་པས་མཐུན་ཕྱོགས་ལ་ཡོད་པར་གྲུབ་མཐུན་དཔེ་ལ་ཡོད་པར་གྲུབ་དགོས་པར་བསྟན་ལ། དེ་ཡིན་ན་བྱས་པའི་རྟགས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་གང་ཟག་ཡིན་ན་མཐུན་གང་ཡིན་པ་དེ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱ་ཚད་མས་ངེས་པའི་གང་ཟག་ཡིན་ཁྱབ་པ་ཁས་བླངས་སོ། ཁ་ཅིག་གིས་རང་ལུགས་ལ་ཡང་རྗེས་ཁྱབ་ངེས་པའི་གང་ཟག་ཡིན་ན་མཐུན་དཔེ་དེ་རྟགས་ཆོས་ཀྱི་གཞི་མཐུན་དུ་ངེས་མི་དགོས་ལ། དཔེར་ན་ བུམ་པ་དེ་བྱས་པར་ངེས་པ་དང་བྱས་པ་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་རྗེས་ཁྱབ་ཟེར་མཁན་ཡང་ཡོད། ཁ་ཅིག་གིས རྩོད་ཆོས་ཅན་གྱི་མིང་ཆོས་ཅན་དེ་མཐུན་དཔེ་ཆོས་ཅན་ལ་འཇུག་པར་ཁས་ལེན་ལ་འཇུག་ན་ཡིན་དགོས་པ་རང་ལུགས་ཀྱི་ཚད་སྒྲུབ་བྱེད་ལ། དེ་ཡིན་ན་མཐུན་ཕྱོགས་ལ་ཡོད་པར་གྲུབ་ན་མཐུན་དཔེ་ལ་ཡོད་པར་གྲུབ་པའི་མ་ཁྱབ་ོར་ཐལ། དེ་གྲུབ་དགོས་ན་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་ན་།དེ་སྒྲུབ་ཀྱི་སྒྲུབ་གྲུབ་འགྲོ་བའི་ཕྱིར་ཏེ། མཐུན་དཔེ་ལ་ཡོད་པར་གྲུབ་དགོས་པའི་ཕྱིར། ཁྱབ་སྟེ་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཡིན་པའི་ཕྱིར།། ཡང་ཁ་ཅིག་གིས། སྒྲ་ཟློས་བའི་སྐྱོན་དུ་འགྱུར་ལ་ཞེས་པའི་སྐབས་སུ་མཐུན་ཕྱོགས་དང་མཐུན་དཔེ་གཉིས་བརྗོད་བྱ་ཐ་དད་དུ་མེད་པ་ཞིག་ཁས་ལེན་གི་དེ་ཡིན་ན་ བྱས་པ་མི་རྟག་པ་ལ་ཡོད་པར་ངེས་ན བྱས་པ་མཐུན་དཔེ་བུམ་ལ་ཡོད་པར་གྲུབ་འགྲོ་གི་རེད་དེ་དུས་མི་རྟག་པ་མི་རྟག་ཡོད་པར་ངེས་པའི་གང་ཟག་ཡིན་ན་མི་རྟག་པ་བུམ་པ་ལ་ཡོད་པར་ངེས་འགྲོ་གི་རེད་དེ་ཡིན་ན། བྱས་པའི་རྟགས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པའི་གང་ཟག་ཡིན་ན་དེ་སྒྲུབ་ཀྱི་སྒྲུབ་བྱ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་འགྱུར་རོ། དངོས་བཏགས་ཀྱི་ཁྱད་པར་སོགས། དངོས་མིང་ཡང་ཡིན་དངོས་མིང་དུ་འཇུག་པ་ཡང་ཡིན་པ་ལྟོ་ལྡུར་ཞབ་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་པ་བུམ་པ་ཞེས་བརྗོད་པ་ལྟ་བུ། དངོས་མིང་དུ་འཇུག་ལ་དངོས་མིང་མ་ཡིན་པ་བུམ་པ་ལ་ཤེས་བྱ་ཞེས་བརྗོད་པ་ལྟ་བུའོ། དངོས་མིང་ཡིན་ལ་དངོས་མིང་དུ་མི་འཇུག་པ་མཚན་ཉིད་ལ་མཚན་ཉིད་ཞེས་བརྗོད་པ་ལྟ་བུ། དངོས་མིང་ཡང་མ་ཡིན་ལ་དངོས་མིང་དུ་འཇུག་པ་ཡང་མ་ཡིན་པ་ཀ་བ་ལ་བུམ་པ་ཞེས་བརྗོད་པ་ལྟ་བུ། བཏགས་མིང་དུ་འཇུག་པ་ཡང་ཡིན་བཏགས་མིང་ཡང་ཡིན་པ་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་བྲམ་ཟེ་ཁྱིའུ་ཁ་ཆེ་རྣ་ཉག་ལ་སེང་གེ་ཞེས་བརྗོད་པ་ལྟ་བུ། བཏགས་མིང་དུ་འཇུག་ལ་བཏགས་མིང་མ་ཡིན་པ་འདྲ་འབྲེལ་གང་ཡང་མེད་པའི་སྒོ་ནས། ཀ་བ་ལ་བུམ་པ་ཞེས་བརྗོད་པ་ལྟ་བུ། བྱས་འབྲེལ་རྟགས་གསལ། དང་པོ། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་མི་མཐུན་ཕྱོགས་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་ཚུལ་དེ་ནི་བྱས་པ་རྟག་པ་ལ་མེད་པར་ངེས་དགོས་ན་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གི་སྟོང་བར་ངེས་འགྲོ་གི་རེད། དེ་ཡིན་རྟགས་པའི་གསལ་བའི་དབྱེ་བ་མཐའ་དག་གི་སྟོང་ངེས་འགྲོ་གི་རེད་དེ་ཡིན་ན། རྟག་པའི་གསལ་བའི་དབྱེ་བ་ལ་བལྟོས་ཏེ་ ཀུན་མཁྱེན་དུ་ཐལ་འགྲོ་ཟེར་བ་ཡིན་པའི་ཕྱིར་འདོད། དེའི་ལུགས་ལ་རྟག་མི་རྟག་དངོས་འགལ་ཁེས་ལེན་པ་དང་དེ་ནས་སྒྲ་མི་རྟག་པར་ངེས་ན་རྟག་པ་མ་ཡིན་པར་ངེས་འགྲོ་བ་ཡིན་པའི་དེ་ཡིན་ན་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གི་སྟོང་བར་ངེས་དགོས། དེ་ཡིན་ན་དེའི་ལུགས་ལ་སྒྲ་མི་རྟག་པ་རྟོགས་པའི་གང་ཟག་ཡིན་ན། ཀུན་མཁྱེན་ཡིན་པར་ཐལ་ལོ། གཉིས་པ། བྱས་རྟགས་ལས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ཚད་མ་གསུམ་དུ་གྲངས་མ་ངེས་པར་ཐལ། ཚད་མ་གཉིས་ཀྱི་ནང་དུ་འདུ་བའི་ཕྱིར། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། རྟགས་དགག་བྱའི་ཆོས་ལ་ཁེག་པའི་ཚད་མའི་ནང་དུ་འདུ་བའི་ཕྱིར། དེར་ཐལ་ དེ་རྟོགས་ན་དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་འགྲོ་བའི་ཕྱིར། མ་ཁྱབ་ལ་སྐད་ཅིག་མའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ ཚད་མ་གཉིས་ལས་མི་དགོས་སྟེ་ཞེས་སོགས་ཀྱིས་སྒྲུབ་དགོས། མཉན་བྱའི་དབང་པོའི་ཟུར་བཀོལ་ལས་། ཡང་ སྐད་ཅིག་མ་མི་རྟག་པ་ཁོ་ན་ལ་ཡོད་པར་ཚད་མས་ངེས་པ་ལ། ཚད་མ་གསུམ་སྔོན་དུ་འགྲོ་དགོས་པར་ཐལ། དེ་ལ་རྟག་པ་ལ་སྐད་ཅིག་མ་འགོག་པའི་ཚད་མ་སྔོན་དུ་འགྲོ་དུ་དགོས་པའི་ཕྱིར། སྐད་ཅིག་མ་མི་རྟག་པ་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། རྟག་པ་སྐད་ཅིག་ མ་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ན། མ་ཁྱབ་བོ་ཞེས་སོགས་དོན་ལ་དཔྱད་པར་བྱའོ།། སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཡིན་ཚད་སོགས་ལ་ལོག་རྟོགས་སེལ་བའི་གྲངས་ངེས་ཟེར་ཡང་ན་ དེ་ཡིན་ན་འབྲེལ་བ་ངེས་བའི་ཚད་མ་ཡོད་མེད་སོགས་དཔྱད་པར་བྱའོ།། གསུམ་པ། ལྡོག་ཁྱབ་ཀྱི་ཁྱབ་པ་དེ་ནི་ རྟག་པ་བྱས་སྟོང་མ་ཡིན་བྱས་པ་རྟག་སྟོང་མ་ཡིན་པའི་ཕྱིར་ན། དང་པོ་ཡིན་ཟེར་ན། འོ་ན་དེ་ཆོས་ཅན རྗེས་ཁྱབ་ངེས་པ་ལ་ཤུག་ལ་རྟོགས་དགོས་ཏེ།། བྱས་པ་རྟག་སྟོང་དེ་ལྡོག་ཁྱབ་གྲུབ་ཚད་ཡིན་ཟེར་ན་རྗེས་ཁྱབ་ངེས་པའི་ཚེ་ཤུག་ལ་རྟོགས་འགྲོ་ཐུབ་ཡང་རྟག་པ་བྱས་སྟོང་ཡིན་ན་ཤུག་ལ་རྟོག་འགྲོ་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར།། ཡང་ན རྡོག་ཁྱབ་ལ་མི་རྟག་པ་ལྡོག་པའི་གཞི་ལ་བྱས་པ་ལྡོག་པ་ངེས་པ་སྔོན་དུ་འགྲོ་དགོས། དེའི་རྒྱུ་མཚན་གྱིས་རྗེས་ཁྱབ་གྲུབ་དུས་ལྡོག་ཁྱབ་གྲུབ་འགྲོ་ཟེར་ན་ཆོག་ཡང་། ལྡོག་ཁྱབ་ངེས་པ་ལ་རྗེས་ཁྱབ་ངེས་པ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར། ཐར་ལམ་གསལ་བྱེད་ལས་ཀྱང་། རྗེས་སུ་འགྲོ་བ་དང་ལྡོག་པའི་ཁྱབ་པ་ནི་ རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ།ཞེས་དང་། ཡིག་ཆ་སོགས་སྦྱར་ནས་རྩོལ་དགོས། ཡང་གང་ཟག་དེ་དང་ཚད་མ་དེས་གྲུབ་ཚད་ལ་ཁྱད་པར་བྱེད་ན་ཚད་མ་དེས་གྲུབ་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་གསུམ་གྲུབ་མ་གྲུབ་དང་གྲུབ་ན་རྟགས་དགག་བྱའི་ཆོས་ཁག་པ་དང་དགག་བྱའི་ཆོས་རྟགས་ལ་ཁེག་པ་སྔོན་དུ་འགྲོ་དགོས་རྒྱུ་མཚན་གང་ཡང་མེད་པའི་ཕྱིར།། ཞེས་སོགས་ཀྱིས་སྒྲུབ་དགོས།། བྱས་འབྲེལ་ལུང་ཐོ (༡) ཆོས་གྲགས་དགོངས་རྒྱན་ལས། བྱས་རང་གྲུབ་ཙམ་ནས་འཇིག་ངེས་སུ་རྟོགས་པའི་རྗེས་དཔག་གཅིག་གིས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་མ་གྲུབ་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ་ཚད་མགསུམ་དགོས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། དེ་ལ་ཚད་མ་གསུམ་གྱི་དོད་ཐུབ་ངེས་པར་ཡོད་པའི་ཕྱིར། ༡༦༠ ཡང་ཁོ་ན་རེ། སྐད་ཅིག་མ་མི་རྟག་པ་ཁོ་ན་ལ་ཡོད་པར་ཚད་མས་ངེས་པ་ལ། ཚད་མ་གསུམ་སྔོན་དུ་འགྲོ་དགོས་པར་ཐལ། དེ་ལ་རྟག་པ་ལ་སྐད་ཅིག་མ་འགོག་པའི་ཚད་མ་སྔོན་དུ་འགྲོ་དགོས་པའི་ཕྱིར་སྐད་ཅིག་མ་མི་རྟག་པ་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། རྟག་པ་སྐད་ཅིག་མ་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པའི་ཕྱིར་ན་མ་ཁྱབ་བོ།། ༣༠༩ (༢) ཐར་ལམ་གསལ་བྱེད་ལས། རྗེས་སུ་འགྲོ་བ་དང་ལྡོག་པའི་ཁྱབ་པ་ནི་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་།མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། ༤༧ བློ་གསལ་མགུལ་རྒྱན་ལས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་གསལ་གསུམ་པར་སོང་བའི་གང་ཟག་གིས། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་མཚན་ཉིད་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། རང་ཉིད་སྒྲ་མི་རྟག་པར་སྒྲུབ་པ་ལ་རྟགས་གསལ་གསུམ་པར་སོང་བའི་གང་ཟག་གིས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་རང་ཉིད་མེད་པ་ཁོ་ནར་ངེས་པ་རང་ཉིད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཚད་མ་སྡེ་བདུན་ལས། སྒྲ་མི་རྟག་རྟགས་ཡང་དག་འགོད་དགོས་ཀྱི་རྒོལ་དབང་རྟུལ་གྱིས་སྒྲ་མི་རྟག་པར་རྟོགས་ཀྱང་། སྒྲ་རྟག་པ་མ་ཡིན་པར་རྟོགས་མི་ནུས་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་ངག་བསྟན་དགོས་ཀྱི་རྒོལ་བ་དབང་རྟུལ་གྱིས་བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་ཀྱང་། རྟག་པ་ལ་མེད་པར་ངེས་མི་ནུས་པའི་ཕྱིར་རོ། ལན་མེད་དོ།། ༣༠༤ ཚད་མ་སྡེ་བདུན་ལས། སྦྱོར་བ་སྐོག་ཅིག་གི་རྗེས་ཁྱབ་དང་ལྡོག་ཁྱབ་གཅིག་གྲུབ་ན་ཅིག་ཤོས་ཀྱང་གྲུབ་དགོས་པར་འདོད་པ་རིགས་སྨྲ་བ་སྤྱིའི་ཚུལ་ཡིན་ཞིང་། ཁྱེད་རང་ཡང་དེ་ལྟར་འདོད་པའི་ཕྱིར་རོ། དེ་ལྟར་འདོད་ན་ ཤེས་བྱ་ཆོས་ཅན་ནམ་མཁའ་གཞལ་བྱར་སྒྲུབ་པ་ལ་རྟག་པ་རྟགས་སུ་བཀོད་པའི་ཚེ་གཞལ་བྱ་མ་ཡིན་པ་ལ་མི་རྟག་པས་ཁྱབ་པར་ཐལ། རྟག་པ་ལ་གཞལ་བྱའི་ཁྱབ་པའི་ཕྱིར། འདི་ལ་ལན་གདབ་པར་ནུས་པ་ཡོད་ན་ཁོ་བོས་མཆོག་སྦྱིན་པར་བྱའོ།།༣༡༨ ཆོས་གྲགས་དགོང་རྒྱན་ལས། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་རྐྱང་བ་འཇལ་བའི་རྟགས་འཛིན་སེམས་ཡོད་ཀྱང་། རྗེས་ཁྱབ་རྐྱང་བ་འཇལ་བའི་རྟགས་འཛིན་སེམས་མེད་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་དངོས་སུ་འཇལ་བའི་རྟགས་འཛིན་སེམས་ཡིན་ན་ལྡོག་ཁྱབ་ཤུགས་ལ་གཞལ་བས་ཁྱབ།། ལྡོག་ཁྱབ་དངོས་སུ་འཇལ་བའི་དེ་ལ་ཡང་ལྡོག་ཁྱབ་ཤུགས་ལ་གཞལ་བའི་ཁྱབ།། ༩༡ སྒྲ་ཆོས་ཅན་ མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཕྱི་རྒོལ་གྱི་འདོད་ཚུལ་ནི་ སྒྲ་བྱས་པར་ཚད་མས་གྲུབ་ཤིང་བྱས་ན་མི་རྟག་པའི་ཁྱབ་པ་ཡང་ཚད་མས་གྲུབ་ནས་སྒྲ་རྟག་པར་ཁས་ལེན་པ་ཞིག་ཡིན་ རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་འབྲེལ་བ་ངེས་བ་སྔོན་དུ་འགྲོ་མི་དགོས་པར་ཐལ། རྟགས་གསལ་དང་པོ་སོང་བའི་སྒང་ནས་བྱས་པ་དེ་མི་རྟག་པ་ཁོ་ནར་ངེས་པའི་གང་ངེས་པ་ཙམ་གྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་གང་ཞིག་དེ་ལ་འབྲེལ་མེད་ཡིན་པའི་ཕྱིར། ཞེས་དང་། བྱས་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་ལ་འགྲོ་དགོས་ཟེར་ན་རྟག་པ་བྱས་སྟོང་རྟོགས་པ་སྔོན་དུ་ འགྲོ་མི་དགོས་པར་ཐལ། དགོས་ན་ཐར་གསལ་གྱི་ལུང་དེ་ཡིག་དེ་ལྟར་མི་འགྲེལ་བའི་རྒྱུ་མཚན་ཁོད་ཞོག། རྟག་ན་མ་བྱས་པའི་ཁྱབ་པ་ཡིན་ཟེར་ན། འོ་དེ་ཆོས་ཅན་ཁྱོད་རྗེས་ཁྱབ་དངོས་སུ་གྲུབ་ན་་ ཁྱོད་ཤུག་ལ་གྲུབ་མི་དགོས་པར་ཐལ། ཁྱོད་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། དེར་བྱས་མི་རྟག་པའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། ཡང་འོ་རྟག་བྱས་སྟོང་ངེས་ན་ཁྱོད་ངེས་དགོས་པར་ཐལ། རྗེས་ཁྱབ་ངེས་ན་ཁྱོད་ངེས་དགོས་པའི་ཕྱིར། དེ་ནས་ལྡོག་ཁྱབ་ཀྱིས་མཚན་ཉིད་དང་ཐར་གསལ་སོགས་ཀྱི་ལུང་འདྲེན་དགོས། འདོད་གནོད་པ་ཅན་གྱི་གཏན་ཚིགས་དང་ ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ལྟ་བུ་ཆོས་ཅན། ལྡོག་ཁྱབ་སྒྲུབ་བྱེད་དུ་སོང་སྟེ།ཞེས་སོགས་ཀྱིས་སྒྲུབ་དགོས། བྱས་མི་རྟག་གི་འབྲེལ་བའི་སྐོར། རྗེས་དཔག་བྱ་དང་དེ་མཚུངས་ལ། ཡོད་དང་མེད་ལ་མེད་པར་ན་ངེས་པ་ཞེས་པའི་སྐབས་སུ། ཡང་དག་ལྟར་སྣང་ཡིན་པ་ལྡོག་པའི་ཕྱིར་དུ་སྦྱོར་འགོད་གསུམ་དང་ ལྟར་སྣང་ཡང་དག་ཡིན་པ་ ལྡོག་པའི་ཕྱིར་དུ་སྦྱོར་འགོད་གསུམ་ཡོད་ལ་དེ་དག་ཡིག་ཆར་གསལ། ཚད་མ་གསུམ་བཤད་པ། རྗེས་ཁྱབ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་དེ་ལ་འདྲེན་ཚུལ་དུ་མ་ཡོད་པའི་ནང་ནས་ དང་པོ། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དངོས་སུ་འཇལ་བའི་བློའི་དངོས་ཀྱི་ཉེར་ལེན་མ་ཡིན་པ་གང་ཞིག། རྗེས་ཁྱབ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་དུ་མ་ཚོགས་ན་ནང་དུ་འདུས་པ་(མ)ཡིན་པའི་བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་ལ་སྔོན་དུ་འགྲོ་བའི་ཚད་མ་ཅིག་ལ་རྗེས་ཁྱབ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཟེར། གཉིས་པ། ཡང་བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་རྗེས་ཁྱབ་ངེས་པ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་སྤྱིར་ན་མང་དུ་ཡོད་མོད། དཔེར་ན་མཐུན་དཔེ་བུམ་པ་ངེས་པའི་ཚད་མ་ལྟ་བུ། འོན་ཀྱང་དེ་གསུམ་ཀ་གྲངས་ངེས་ཟེར་བའི་གྲངས་ངེས་དེ་ཡིན་པའི་ཚུལ་ཀྱི་གྲངས་ངེས་མ་ཡིན་འདུ་བའི་ཚུལ་ཀྱི་གྲངས་ངེས་ཡིན་ལ། དེ་ཡིན་ཚད། ཚད་མ་དེ་གསུམ་ཀ་ཚང་སྟོབས་ཀྱི་རྗེས་ཁྱབ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་གཞན་རྣམས་ཀྱིས་རྟགས་གཞན་བཀོད་པ་ལ་མི་ལྟོས་པར་རྗེས་ཁྱ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཀྱི་ཡུལ་དེ་རྟོགས་འགྲོ་བ་ཞིག་ལ་རྗེས་ཁྱབ་ངེས་པ་ལ་སྔོན་དུ་འགྲོ་དགོས་ཚད་མ་ཟེར། ཡང་རྟགས་དགག་བྱའི་ཆོས་ལ་ཁགས་པའི་ཚད་མ་བཞག་ན་དགག་བྱའི་རྟགས་ལ་ཁེགས་པའི་ཚད་མ་འཇོག་མི་དགོས་ལ། གང་ཟག་གཅིག་ལ། ལྟོས་མེད་ཀྱི་གཏན་ཚིག་དང་། གནོད་པ་ཅན་གྱི་གཏན་ཚིགས་གཉིས་འགོད་མི་དགོས་ཞེས་ཟེར། གསུམ་པ། ཡང་དེ་གསུམ་ཀ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཡིན་ཡང་། དེ་དག་རེ་རེ་ནས་མ་ཡིན་ལ ཚད་མ་དེ་གསུམ་ཀ་ཚང་སྟོབས་ཀྱིས་བློ་གཞན་ལ་ལྟོས་མེད་དུ་སྐད་ཅིག་གཉིས་པར་རྗེས་ཁྱབ་ངེས་འགྲོ་བ་ཞིག་བྱེད་སྙམ་མོ། ཡང་སྐད་ཅིག་མ་དང་ཉན་བྱ་སོགས་ཅི་རིགས་པ་ཡོད་པ་ཤེས་པར་བྱའོ། བཞི་བ།ཡང་མཐུན་དཔེ་བུམ་པ་ལྟ་བུ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཡིན་ཡང་ངེས་པར་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་མིན་། ངེས་པར་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཡིན་ཚད། ཚད་མ་དེ་གསུམ་ཀ་ཚང་སྟོབས་ཀྱིས་སློབ་དཔོན་དབང་ཕྱུག་སྡེ་ལ་སོགས་པའི་མཐུན་ཕྱོགས་ལ་མཐོང་བ་ཙམ་གྱིས་རྗེས་ཁྱབ་དང་ཞེས་པའི་ཁས་ལེན་དེ་ཚོ་ལྡོག་འགྲོ་བ་ཅིག་ལ་ངེས་པར་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཟེར། དེ་ཡིན་ན་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་སྒྲ་བྱས་པར་ངེས་པའི་ཚད་མ་ལ་བྱེད་པ་དང་དེ་བྱེད་ན་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་ལ་ལོག་ལྟོག་ཟེར་བར་འབྲེལ་བ་ཅི་ཡོད། རང་ཉིད་ཀྱི་འདོད་ཚུལ། གསུམ་པ། ཡང་དེ་གསུམ་ཀ་སྔོན་དུ་འགྲོ་དགོས་ཀྱི་ཚད་མ་ཡིན་ཡང་། དེ་དག་རེ་རེ་ནས་མ་ཡིན་ལ། ཚད་མ་དེ་གསུམ་ཀ་ཚང་སྟོབས་ཀྱིས་འབྲེལ་ངེས་པའི་ཚད་མ་ལས་ལོག་སུ་ཚད་མ་གཞན་ལ་ལྟོས་མེད་དུ་རྗེས་ཁྱབ་ངེས་འགྲོ་བ་ཞིག་བྱེད་སྙམ་མོ། ཚད་མ་གསུམ་གྱི་དོད་ཐུབ་གྲུབ་ཚད། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་རྟོགས་པའི་རྗེས་དཔག་གཅིག་པོ་དེ་ཉིད་ལ་ཚད་མ་གསུམ་གྱི་དོད་ཐུབ་ཚང་ཚད་དེ། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་སུ་རྟོགས་དུས་སྐད་ཅིག་སྐད་ཅིག་ལ་མི་སྡོད་པའི་ཆ་དེ་རྟོགས་དགོས་རེད་དེ་དུས་སྐད་ཅིག་སྐད་ཅིག་ལ་སྡོད་པ་མི་སྡོད་པ་གཉིས་དངོས་འགལ་དུ་རྟོགས་ཚར་རེད་དེ་དུས་ དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མའི་དོོད་ཐུབ་ཙམ་གྲུབ་སོང་བས་སོ། དེ་ནས་རང་ལས་ཕྱིས་འབྱུང་བའི་རང་གི་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་མེད་ཀྱི་དངོས་པོ་ཡིན་པར་ངེས་པ་ལ། རང་ཉིད་འཇིག་པ་དོན་གཞན་ལ་ལྟོས་མེད་དུ་རྟོགས་དགོས་རེད། འཇིག་པར་རྟོགས་དགོས་རེད་དེ་དུ་སྐད་ཅིག་སྐད་ཅིག་སྡོད་པ་ཁེག་འགྲོ་གི་རེད་དེ་རྟགས་དགག་བྱའི་ཆོས་ལ་ཁེག་ཚད་མའི་དོོད་ཐུབ་གྲུབ་སོང་བར་སྣང་ངོ་། རང་ལས་ཕྱིས་འབྱུང་བའི་རང་གི་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་མེད་ཀྱི་དངོས་པོ་རྟོགས་པ་ལ་གཞི་གང་རུང་བ་ཞིག་གི་སྟེང་དུ་རྟོགས་དགོས་རེད། དེ་དུས་གཞི་དེ་རང་ལས་ཕྱིས་འབྱུང་བའི་རང་གི་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་མེད་ཀྱི་དངོས་པོ་ཡིན་པར་ངེས་འགྲོ་གི་རེད་དེ་དུས་རྟགས་ཀྱི་མཚན་གཞི་དོོད་ཐུབ་གྲུབ་སོང་བར་སྣང་ངོ་། བྱས་མི་རྟག་མངོན་སུམ་གྱིས་གྲུབ་ཚད། བྱས་པ་རྟོགས་པའི་རྟོགས་པ་ཉམ་མྱོང་གི་རང་རིག་དང་དང་མི་རྟག་པ་རྟོགས་པའི་རྟོགས་པ་ཉམ་མྱོང་གི་རང་རིག་གཉིས་ཀ་ཆ་ཤས་སུ་ལྡན་པའི་རང་རིག་མངོན་སུམ་གྱིས་གྲུབ་ཟེར་ལ། ཡང་བྱས་མི་རྟག་ཐ་དད་རང་རིག་མངོན་སུམ་གྱིས་གྲུབ་ལ་མ་རྟོགས་ཟེར་མཁན་ཡང་ཡོད། གནོད་པ་ཅན་གྱི་གཏན་ཚིགས་ཟེར་དགོས་པའི་རྒྱུ་མཚན། རྟག་པ་རིམ་གྱིས་དོན་བྱེད་ནུས་པར་ཁས་བླངས་ན་བྱས་འགྱུར་བའི་གནོད་པ་དང་། ཅིག་ཆར་གྱི་དོན་བྱེད་ནུས་པར་ཁས་བླངས་ན། འབྲས་བུ་ཐམས་ཅད་ཅིག་ཅར་དུ་བསྐྱེད་པའི་སྐད་ཅིག་གཉིས་པ་ནས་བཟུང་འདུས་བྱས་མེད་པར་ཐལ་བའི་གནོད་པ་སོགས་ཡོད་པས་གནོད་པ་ཅན་གཏན་ཚིགས་ཟེར། ལྟོས་མེད་ཀྱི་གཏན་ཚིགས་ཟེར་དགོས་པའི་རྒྱུ་མཚན རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པ་རང་ཕྱིས་འབྱུང་གི་དོན་གཞན་ལ་ལྟོས་མེད་དུ་ ངོ་བོ་གྲུབ་པའི་ལྟོས་མེད་ཀྱི་གཏན་ཚིགས་ཟེར།། དེ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡིན་ན་ སྒྲུབ་པའི་རྟགས་ཡང་དག་ཡིན་པའི་མ་ཁྱབ་ཟེར་དགོས།དཔེར་ན་བྱས་པ་ཆོས་ཅན་ རང་གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། རང་ལས་ཕྱིས་འབྱུང་བའི་རང་གི་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པའི་ཕྱིར་ན་རྗེས་ཁྱབ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡིན་ཀྱང་། རྗེས་ཁྱབ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། རྗེས་ཁྱབ་སྒྲུབ་བྱར་མ་བཟུང་བའི་ཕྱིར།། སྐྱེ་བ་སྔ་ཕྱི་སོགས་ལ་ཡང་རིགས་འགྲེའོ།། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་ཡིད་རྣམ་པར་ཤེས་པ་འམ་གཙོ་སེམས་མངོན་གྱུར་བ་དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་མཚན་གཞིར་འཇོག་དགོས་པའི་རྒྱུ་མཚན་གང་ཡིན དེས་ན་གང་ཟག་དེའི་རྒྱུད་ཀྱི་བློ་གང་མངོན་དུ་གྱུར་བ་དེ་ཟག་མེད་ཀྱི་ངོ་བོར་འགྱུར་དགོས་པ་དང་ཡང་ན་དེའི་རྒྱུད་ཀྱི་བློ་གང་མངོན་དུ་གྱུར་བ་དེ་དེའི་མཚན་གཞིར་འཇོག་དགོས་པ་ཨེ་ཡིན་མི་ན་དེའི་མཚན་གཞི་ལ་ཐེག་ཆེན་མཐོང་ལམ་བར་ཆེར་མེད་ལམ་པའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་འམ་གཙོ་སེམས་དེ་དེའི་མཚན་གཞི་ཡིན་ཏེ། ཡིན་ན་བདེན་རྫུན་མངོན་དུ་གྱུར་བའི་གང་ཟག་གི་མཚན་གཞི་ལ་བདེན་རྫུན་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་འཇོག་དགོས་ལ་དེ་བདེན་རྫུན་དུ་གྱུར་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་གང་ཟག་ཡིན་དགོས་ལ་དེ་ཡིན་ན་དེ་སངས་རྒྱས་ས་འགྲོ་རྒྱུ་ཡོད་པར་ཐལ་ལོ། ཡང་བྱང་ཆུབ་སེམས་མངོན་དུ་གྱུར་བའི་གང་ཟག་གི་མཚན་གཞི་ལ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་བའི་གཙོ་སེམས་འཇོག་ལ་དེ་ཡིན་ན་གང་ཟག་དང་སེལ་འཇུག་གི་གཞི་མཐུན་ཡོད་པར་ཐལ་སོང་། ཡང་ན་དེ་ཟག་མེད་ངོ་བ་གྱུར་བ་འམ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་གཙོ་སེམས་གང་ཟག་ཡིན་ཟེར་ན འོ་ན་དེ་དེའི་རྒྱུན་སྔ་མ་ཡང་གང་ཟག་ཡིན་པར་ཐལ མ་ཡིན་པར་མཐོང་ལམ་པའི་རྒྱུད་ནས་དེ་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་བློ་ཡིན་པའི་ ཕྱིར། གཉིས་ཀ་ཡིན་ན་གང་ཟག་དང་སེལ་འཇུག་གི་གཞི་མཐུན་ཡོད་པར་ཐལ་ལོ་ཞེས་ཟེར། ཡང་རང་རྒྱུ་པའི་ལུགས་པའི་ལ་རང་ངོས་གྲུབ་པ་འམ་བདག་དོན་བཙལ་བའི་ཚེ་ན་རྙེད་རྒྱུ་ཡོད་པ་དེ་ཁས་ལེན་པའི་ཕྱིར་ འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་འམ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་གང་ཟག་གི་མཚན་གཞི་ཡོད་པའི་ཕྱིར། དེའི་རྒྱུད་ཀྱི་ང་ཙམ་དེའི་མཚན་གཞི་དེའི་རྒྱུད་ཀྱི་མཚན་གཞི་རྣམ་པར་ཤེས་པ་འཇོག་ན། འོ་ན་དེ་ཆོས་ཅན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་ཡིན་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ང་ཙམ་གྱི་མཚན་གཞི་ཡོད་པའི་ཕྱིར། འདོད་ན། བྱང་སེམས་སྦྱོར་ལམ་པ་འམ་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་གང་ཟག་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པར་ཐལ། ཁྱོད་སྟོད་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་ང་ཙམ་གྱི་མཚན་གཞི་ཡིན་པའི་ཕྱིར། འོ་ན་དེ་གང་ཟག་ཡང་ཡིན་རྟོགས་པ་ཡང་ཡིན་པར་ཐལ། འདོད་ན་གང་ཟག་དང་སེལ་འཇུག་གི་གཞི་མཐུན་ཡོད་པར་ཐལ་ལོ ཐར་ལམ་གསལ་བྱེད་ལས བྱས་ན་མ་བྱས་བ་དང་བྱས་ན་མ་བྱས་པའི་ཁྱབ་པ་དང་བྱས་མ་བྱས་པའི་ཁྱབ་པའི་ཁྱབ་བ་རྣམས་ཁྱད་པར་འབྱེད་པ་ནི་བོང་རྭའི་རྩེ་མོར་དཀྱིལ་དྲུང་གི་ཁྱབ་པ་ཙམ་དུ་ཟད་དོ། ཆོས་གྲགས་དགོངས་རྒྱན་ལས། ༢༥༨ མིག་སོགས་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག མིག་སོགས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ངེས་པའི་ཕྱིར ཆོས་གྲགས་དགོངས་རྒྱན། ༡༠༢ ཕྱི་རྒོལ་གྱིས་གང་ཟག་རང་རྐྱ་བ་དང་གང་ཟག་རང་རྐྱ་བར་སྣང་བ་གཉིས་གཅིག་ཏུ་འཁྲུལ་ནས་ཤེས་འདོད་ཞུགས་ཤིང་། གང་ཟག་རང་རྐྱ་བར་སྣང་བའི་སྒྲ་དོན་གྱི་སྟེང་དུ་རྟགས་ཚད་མས་གྲུབ་པས་གང་ཟག་རང་རྐྱ་བའི་སྒྲ་དོན་སྦྱོར་བ་དེའི་རང་རྟེན་གྱི་ཆོས་ཅན་ཡིན་པའི་ཕྱིར། ཆོས་གྲགས་དགོངས་རྒྱན་ལས། ༢༦༠ འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། གྲངས་ཅན་གྱིས་འདོད་པའི་བློ་འམ་ཆེན་པོ་དང་སྤྱི་གཙོ་བོའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། གྲངས་ཅན་གྱིས་གང་ལ་བསམས་ནས་བློ་འམ་ཆེན་པོ་དང་། སྤྱི་གཙོ་བོ་ཡོད་པར་སྒྲོ་བཏགས་པའི་གདགས་གཞིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། རྟགས་གསལ། འོ་ན་ནམ་མཁའ་ཆོས་ཅན། མི་རྟག་དེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། ཡང་རྟགས་ཡང་དག་ཡིན་པར་ཐལ། གདགས་གཞི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་གང་ཞིག། མཚུངས་བའི་ཕྱིར། ཡང་རི་བོང་གི་ར་དང་རི་བོང་གི་རྣ་འཇོག་གཉིས་གཅིག་ཏུ་འཁྲུལ་བའི་གང་ཟག་གི་ངོར། རི་བོང་གི་ར་ཆོས་ཅན་ མི་རྟག་སྟེ བྱས་པའི་ཕྱིར་ཞེས་ན་ཡང་རྟགས་ཡང་དག་ཡིན་པར་ཐལ་ཞེས་སོགས་དེ་རྟགས་དང་བསྒྲུབ་བྱའི་ཆོས་བྱས་པའི་གཞི་གྲུབ་པ་ཆོས་ཅན་ཏུ་བཟུང་བའི་ རྟགས་ཡང་དག་ཡོད་པར་ཐལ་ལོ ༄༅། ། སྐུ་བཞིའི་རྣམ་གཞག དག་པ་གཉིས་དང་ལྡན་པའི་དབྱིངས་མཐར་ཐུགས་ངོ་བོ་ཉིད་སྐུ་མཚན་ཉིད། དག་པ་གཉིས་རང་བཞིན་གྱི་དྲི་མའི་དག་པ་དང་ བློ་བུར་གྱི་དྲི་མའི་དག་པ་གཉིས་ཡིན་ དང་པོ་དགག་བྱ་འམ་རང་འཛིན་རྟོགས་པའི་ཞེན་གཞི་རང་གི་མཚན་ཉིད་ཀྱི་གྲུབ་པའི་དག་འམ་གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་པ། གཉིས་པ་ཤེས་སྒྲུབ་དང་ཉོན་སྒྲུབ་གཉིས་ཀྱི་དག་པ་དག་སྟེ་སྤངས་ཚར་བའི་ཕྱིར། འགོག་བདེན་དང་ངོ་བོ་ཉིད་སྐུ་ལ་བྱེད། ཇི་ལྟ་བ་དང་ཇི་རྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས། ཡེ་ཤེས་ཆོས་སྐུའི་མཚན་ཉིད། ཇི་ལྟ་བ་ཆོས་ཀྱི་གནས་ལུགས། ཇི་རྙེད་པ་ཤེས་བྱའི་གྲངས། ངེས་པ་ལྔ་ལྡན་གྱི་མཐར་ཐུག་གི་གཟུགས་སྐུ་དེ་སྤྲུལ་སྐུའི་མཚན་ཉིད། གནས་ངེས་པ་འོག་མིན་སྟུག་པོ་བཀོད་ཁོ་ནར་བཞུགས་པ། སྐུ་ངེས་པ་མཚན་དཔེ་ཡོངས་སུ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་བར་དུ་བཞུགས་པ་བཅས་ལྔའོ། ངེས་པ་ལྔ་དང་མི་ལྡན་པའི་རབ་ཏུ་ཕྱེ་བས་མཐར་ཐུག་གི་གཟུགས་སྐུ་སྤྲུའི་སྐུའི་མཚན་ཉིད། རང་རྒྱུར་གྱུར་བའི་ཡི་ཤེས་ཆོས་སྐུས་བདག་རྐྱེན་བྱས་ལས་བྱུང་བའི་རྣམ་དཀར་གྱི་ཡོནཏན་ སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། ཡིག་ཆ་ལས། འདི་དག་རྟོག་པའི་དྲ་བསལ་མས་བསྟན་ཚུལ་དང་འབྲེལ་ནས་གསུངས་ཡོད་པ་ཤེས་པར་བྱའོ།། འོ་ན་དབུ་མ་རང་རྒྱུད་པའི་ལུགས་ལ། མཚན་གཞི་རྣམ་ཤེས་ཐེག་ཆེན་མཐོང་ལམ་བར་ཆེན་མེད་ལམ་པའི་གང་ཟག་ཏུ་ཁས་ལེན་པར་ཐལ། དམ་བཅའ་བའི་བདག་དོན་བཙལ་བའི་ཚེ་ན་རྙེད་རྒྱུ་ཡོད་པ་ཁས་ལེན་པ་གང་ཞིག། བཏགས་དོན་དེ་ཡིན་པའི་ཕྱིར། འདོད་ཐེག་ཆེན་མཐོང་བར་ཆད་མེད་ལམ་པ་འམ་མཚན་གཞི་རྣམ་ཤེས་དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། འོ་ན་སྟོང་ཉིད་དོན་སྤྱིི་ཚུལ་གྱི་རྟོགས་པའི་བྱང་སེམས་སྦྱོར་ལམ་པའི་གང་ཟག་གི་རྒྱུད་ཀྱི་མཚན་གཞི་རྣམ་ཤེས་ཆོས་ཅན། ཁྱོད་ཀྱིས་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་ཕྱིར། འདོད་སེལ་འཇུག་དང་གང་ཟག་གི་གཞི་མཐུན་ཡོད་པར་ཐལ་ལོ། མཚན་གཞི་རྣམ་ཤེས་སྐོར་གྱི་ལུང་ཐོ། བློ་གསལ་མགུན་ལས། ༡༦ རང་ལུགས་ནི། དང་པོ་ནས་ཐེག་དམན་དུ་རིགས་ངེས་པའི་ཉན་རང་འཕགས་པ་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་དེ་ཁོ་ན་ཉིད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། རྟ་ནག་རྣམ་འགྲེལ་ལས། ༡༠ རང་རྒྱལ་དང་སེམས་ཙམ་པ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར་ཏེ། རྣམ་བཤད་སྙིང་པོའི་རྒྱན་ལས། འདིར་བསྟན་པའི་རང་རྒྱལ་གྱི་ལྟ་བ་དང་སེམས་ཙམ་པའི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་པས། དེ་གཉིས་གྲུབ་མཐའ་མཚུངས་པ་ འཐད་ཞེས་པ་ནི་གསལ་བར་བྱེད་པའི་བཞད་གད་དོ། ཞེས་གསུངས་པའི་ཕྱིར་ཟེེར་ན་མ་ཁྱབ། ལུང་དེའི་དོན་ནི། རྣམ་འབྱོར་སྤྱོད་པའི་རང་རྒྱུད་པའི་སྐབས་སུ་དེ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་ཀྱི་ཁྱད་པར་མེད་པ་དེ་དེའི་དོན་ཡིན་པའི་ཕྱིར། བློ་གསལ་མགུལ་རྒྱན་ལས། ༢༦༠ གང་ཟག་དང་སེལ་འཇུག་གི་གཞི་མཐུན་མེད་དེ་སེལ་འཇུག་དང་བློའི་གཞི་མཐུན་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར། ཆོས་སྐུའི་སྤྱི་དོན། བདག་ཅག་གི་སྟོན་པའི་ང་ཡིན་ན་ བདག་ཅག་གི་སྟོན་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་འདོད་ན་ བདག་ཅག་གི་སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་བའི་རི་དྭགས་རུ་རུའི་ང་ཆོས་ཅན། དེར་ཐལ་ དེའི་ཕྱིར རྟགས་གྲུབ་སྟེ བདག་ཅག་གི་སྟོན་པའི་རྒྱུད་ཀྱི་ང་དེའི་ཚེ་དུས་དེ་ན་རི་དྭགས་རུ་རུར་གྱུར་རོ་སྙམ་དུ་འཛིན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེ་རང་གི་འཛིན་སྟངས་ཀྱི་ཡུལ་དང་ སྣང་ཡུལ་གང་ལ་ཡང་མ་འཁྲུལ་བའི་ཚད་མ་ཡིན་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིེར། ཆོས་སྐུའི་སྤྱི་དོན་ལས། ཁ་ཅིག་ལུང་སྐུའི་ཡུལ་གྱི་རྣམ་པར་ཤེས་པ་ལུང་སྐུ་ཡིན་ཟེར་ན་ དེ་ཆོས་ཅན། ངེས་པ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པར་ཐལ་ ལུང་སྐུ་ཡིན་པའི་ཕྱིར། འདོད་ན་འཁོར་ངེས་པ་བྱང་སེམས་ཤ་སྟག་གིས་བསྐོར་བར་ཐལ།འདོད་པའི་ཕྱིར། རྩ་ཤེས་ཊཱིཀ་ཆེན་ལས། དེ་བཞིན་དུ་མ་འོངས་པའི་སྐྱེ་བ་ལ་ཡང་ཚེ་འདིའི་གང་ཟག་དེ་ཉིད་སྐྱེ་བ་ ཕྱི་མར་མི་འགྲོ་ཡང་ངའོ་སྙམ་པའི་དམིགས་པ་ང་ཙམ་དེ་ཡང་རྗེས་སུ་འགྲོ་བའི་རང་ཉིད་སྐྱེ་བ་ཕྱི་མར་སྡུག་བསྔལ་གྱིས་དོག་ནས་དེས་ཀྱི་མི་དགེ་བ་འདིར་སྤང་པ་དང་བདེ་བར་བྱ་བའི་ཕྱིར་དུ་འདིར་དགེ་བ་ལ་བརྩོན་པ་ཡང་། འཐད་དེ། དབུ་མའི་སྤྱི་དོན་ལས། ཁ་ཅིག་སྐྱེ་བ་སྔ་མ་ལྷ་ལས་ཚེ་འཕོས་ནས་ད་ལྟ་མིར་སྐྱེ་བའི་མི་དེ་སྐྱེ་བ་སྔ་མར་ལྷ་སྐྱེ་བ་ཡིན་ཟེར་ན་ དེ་འདྲའི་མི་ཆོས་ཅན སྐྱེ་བ་སྔ་མ་ལྷ་ལས་སྐྱེས་པར་ཐལ དམ་བཅའ་འཐད་པའི་ཕྱིར་འདོད་ན། སྐྱེ་བ་སྔ་མ་ཡོད་པར་ཐལ་ལོ། རང་ལུགས་ལ་སྐྱེ་བ་སྔ་མའི་ལྷ་དེས་ ང་དང་ཚེ་འདིའི་མི་དེའི་ང་ཆ་ཤོས་སུ་ལྡན་པའི་ང་ཙམ་དེ་སྐྱེ་བ་སྔ་མར་ལྷར་སྐྱེ་བ་ཡིན་ནོ། ཆོས་སྐུའི་སྤྱི་དོན་ལས། གཞན་ཡང་ལོངས་སྐུའི་ཡིད་གྱི་རྣམ་པར་ཤེས་པ། ལོངས་སྐུ་ཡིན་པར་ཐལ། ལོངས་སྐུའི་མཚན་གཞི་ཅིག་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། གཞན་ཡང་དེ་ལོངས་སྐུ་ཡིན་པར་ཐལ། དེ་ལོངས་སྐུའི་བདག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། དེའི་ཡུལ་གྱི་རྣམ་པར་ཤེས་པ་དེ ལོངས་སྐུའི་ང་ཙམ་གྱི་མཚན་གཞི་དང་ ལོངས་སྐུའི་ང་ཙམ་དེ་ལོངས་སྐུའི་མཚན་གཞི་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས་དེ་དག་གི་ལུགས་ལ་ཡང་ལམ་བསྒོམ་པ་བོ་དང་འཁོར་བ་འཁོར་མཁན་སོགས་ཀྱི་ཐ་སྙད་འཇུག་པའི་དོན་ང་ཙམ་དང་།། ང་དེའི་མཚན་གཞི། ཀུན་གཞི་སོགས་འཇོག་པའི་ཚུལ་གཉིས་ཤེས་དགོས་སོ། ཆོས་སྐུའི་སྤྱི་དོན་ལས། ཁོ་ན་རེ་ ལོངས་སྐུའི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། མཚན་ཉིད་དེར་ཐལ་ མཚོན་བྱ་དེའི་ཕྱིར། དེར་ཐལ་གང་ཟག་གི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་ཡིན་པའི་ཕྱིར། ཟེར་མ་ཁྱབ། རྟོག་གེ་འབར་བ་ལས། ཁོ་བོ་ཅག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོག་སྟེ། འདི་ལྟར་རྣམ་པར་ཤེས་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ།། རྗེ་བཙུན་དབུ་མའི་སྤྱི་དོན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་མཐོང་སྤང་རྟོགས་པའི་ས་བོན་མེད་མོད། དེའི་རྒྱུད་ལ་སྒོམ་སྤང་རྟོགས་པའི་ས་བོན་ཡོད་དམ་མེད་ཅེ་ན། རང་རྒྱུད་པའི་ལུགས་ལ་མེད་དེ། དེའི་ལུགས་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་རྣམ་པར་ཤེས་པ་དེ་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་ལ། དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་མཚན་གཞིར་གྱུར་བའི་གང་ཟག་ཏུ་ཁས་ལེན་ཀྱང་། དེ་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་པ་དེའི་སྟེང་དུ་བསྒོམ་སྤང་རྟོགས་པའི་ས་བོན་ཡོད་ན་དེ་ཟག་བཅས་སུ་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར། ཡུལ་ཡུལ་ཅན་སྐོར་གྱི་ལུང་ཐོ། གང་ཟག་ཡིན་ན་ཡུལ་དང་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ ཡུལ་ཅན་ཡིན་པའི་ཁྱབ་མིན། མཁན་བསྡུས་ལས། ཚད་མ་རྣམ་འགྲེལ་གྱི་བསྡུས་གཞུང་ཤེས་བྱའི་སྒོ་འབྱེད་ལས། དེས་ཡུལ་ཅན་ཡིན་ན་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་ཡིན་པའི་ཁྱབ་པར་འདོད་པའི་ལུགས་གཅིག་དང་། དེ་མ་ཡིན་པར་བརྗོད་བྱེད་ཀྱི་སྒྲ་གང་ཟག་ལ་ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་མ་ཡིན་པར་ཁྱབ་པར་འདོད་པའི་ལུགས་གཉིས་ལས་རང་ལུགས་ཕྱི་མའི་རྗེས་སུ་འབྲེང་ངོ་། ༣༠༦ རྟོག་གེ་འབར་བ་ལས། ཁོ་བོ་ཅག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོག་སྟེ། འདི་ལྟར་རྣམ་པར་ཤེས་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ།། རིགས་ལམ་ལས། བྱས་པ་ལ་ཁོ་ན་རེ། རང་རིག་ཆོས་ཅན བློ་དང་བློའི་ཡུལ་དུ་བྱ་རུང་གཉིས་སུ་ཕྱེ་བའི་བློའི་ཡུལ་དུ་བྱ་རུང་མ་ཡིན་པར་ཐལ། འདོད་པའི་ཕྱིར འདོད་མི་ནུས་ཏེ བློ་དང་ཤེས་བྱ་གཉིས་སུ་ཕྱེ་བའི་ཤེས་བྱ་ཡིན་པའི་ཕྱིར། དེར་ཐལ། བློ་དང་ཡོད་པ་གཉིས་སུ་ཕྱེ་བའི་ཡོད་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བློ་དང་ཡོད་པ་གཉིས་སུ་ཕྱེ་བའི་བློ་ཡིན་པའི་ཕྱིར་རོ། ༢༣༥ མཁན་བསྡུས་ལས། རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན་ སྣང་ཡུལ་ཡིན་པར་ཐལ། རྣམ་མཁྱེན་གྱི་སྣང་ཡུལ་ཕྱིར། དེར་ཐལ རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། མཁན་བསྡུས་ལས། རྟགས་རྣམས་རིམ་པ་བཞིན་དུ་གྲུབ་སྟེ། རྣམ་མཁྱེན་གྱི་སྣང་ཡུལ། རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་ཡུལ་རྣམ་དོན་གཅིག་མིང་གི་རྣམས་གྲངས་ཡིན་པའི་ཕྱིར། རིགས་ལམ་འཕྲུལ་ལྡེ་ལས། མངོན་སུམ་གྱི་སྣང་ཡུལ་དང་དངོས་པོ་དོན་གཅིག། རྟོག་པའི་སྣང་ཡུལ་དང་རྟག་པ་དོན་གཅིག། རིགས་ལམ་འཕྲུལ་ལྡེ་ལས། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ལ་སྣང་ན་ཁྱོད་ཀྱི་སྣང་ཡུལ་ཡིན་དགོས་པར་ཐལ། ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར།༢༣༩ ཆོས་གྲགས་དགོངས་རྒྱན་ལས། རི་བོང་ཅན་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཁྱོད་ཀྱིས་རི་བོང་ཅན་རྟོགས་པར་ཐལ། རི་བོང་ཅན་རི་བོང་ཅན་འཛིན་པའི་རྟོག་པའི་གཟུང་བྱར་རྟོགས་པའི་ཕྱིར་ན་མ་ཁྱབ།། ༢༢༨ རྣམ་ངེས་དར་ཌཱིཀ་ལས། སྔོན་འཛིན་མྱོང་བའི་རང་རིག་མངོན་སུམ་གྱིས་སྔོན་འཛིན་རྟོགས་ཀྱང་སྔོན་པོ་རྟོགས་པ་རྣམ་པ་ཐམས་ཅད་དུ་མི་རིགས་པའི་ཕྱིར། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་གཟུང་ཡུལ་ཡོད་མེད་སོགས། ཚད་མ་སྡེ་བདུན་ལས། དང་པོ་ལ་ནི་གཟུང་ཡུལ་མེད་དེ། མཁན་བསྡུས་ལས་། རྟོག་མེད་འཁྲུལ་ཤེས་ཡིན་ན ཁྱོད་ཀྱི་གཟུང་ཡུལ་ཡོད་པའི་ཁྱབ་ཟེར་ན། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་སྡེ་བདུན་ལས།༡༡༧ དེའི་ཕྱིར་སྐྲ་ཤད་འཛག་སྣང་སོགས། རྣམ་པ་འཆར་བ་ཡུལ་ལ་མི་བལྟོས་པའི་དབང་ཤེས་རྣམས་ལ་གཟུང་དོན་མེད་པ་དགོངས་ནས། སྐྲར་སྣང་དོན་མེད་ཅན་ཡིན་ནོ་ཞེས་གསུངས་ལ། ཚད་མ་སྡེ་བདུན་ལས།༡༡༨ རྟོག་མེད་ཤེས་པའི་གཟུང་ཡུལ་ཡིན་ན་གཟུང་དོན་ཡིན་པའི་ཁྱབ་པ་ནི་མ་ཡིན་ཏེ། གཟུང་དོན་ཡིན་ན་ཕྱི་རོལ་དོན་ཡིན་དགོས་པར་དོན་གྱི་སྟོབས་ལས་སྐྱེ་བའི་ཕྱིར། ཅེས་སོགས གཞུང་རྩ་འགྲེལ་དུ་མར་བཤད་པའི་ཕྱིར་རོ། རིག་ལམ་འཕྲུལ་ལྡེ་ལས། ལོག་ཤེས་ཐམས་ཅད་ཀྱི་དམིགས་རྐྱེན་མེད་པར་ཐལ། ཁྱོད་ཀྱི་དམིགས་རྐྱེན་འཇོག་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་པ་ཡིན་ན་ཁྱོད་ཀྱི་དམིགས་རྐྱེན་ཡོད་པའི་ཁྱབ་པའི་ཕྱིར། རིག་ལམ་འཕྲུལ་ལྡེ་ལས། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ལ་ཟླ་བ་གཅིག་དེ་དང་བར་སྣང་འཇོག། སྨིག་རྒྱུ་ཆུར་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་ལ་བྱེ་མ་སྐྱ་བོ་དང་ཉི་འོད་འཇོག། ༡༠༣ ཚད་མ་སྡེ་བདུན་རྒྱན་ལས ༡༦༠ གཉིས་པ་དམིགས་རྐྱེན་ནི་ རང་འཛིན་ཤེས་པ་རང་གི་རྣམ་ལྡན་དུ་དངོས་སུ་བསྐྱེད་པར་བྱེད་པ་གང་ཡིན་སྟེ། དབང་ཤེས་ཀྱི་དམིགས་རྐྱེན་དང་གཟུང་དོན་དོན་གཅིག། བདེ་ལྡན་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཟུང་ཡུལ་གྱི་མཚན་ཉིད སྣང་ཙམ་གྱི་སྒོ་ནས་རིག་པར་བྱ་བ། རིག་རྒྱན་ལས། ༣༨༨ ཆོས་དེའི་སྣང་ཡུལ་གྱི་མཚན་ཉིད། ཆོས་དེའི་སྣང་ཙམ་གྱི་སྒོ་ནས་རིག་པར་བྱ་བ། སྣང་ཡུལ་དང་གཟུང་ཡུལ་དོན་གཅིག། བདེ་ལྡན་དོན་གཉེར་ཡིན་ཀྱི་མུན་སེལ། ༥༩ སྤྱིར་རྐྱེན་དེ་ལ་གསུམ་ཡོད་དེ། དམིགས་རྐྱེན་ བདག་རྐྱེན་ དེ་མ་ཐག་རྐྱེན མཚན་ཉིད་རིམ་བཞིན ཆོས་དེའི་ཡུལ་གྱི་རྣམ་ལྡན་དུ་དངོས་སུ་བསྐྱེད་བྱེད་ཀྱི་ཕྱི་དོན། ཡུལ་ཡུལ་ཅན་སྐོར་གྱི་རྟགས་གསལ། གང་ཟག་བདག་མེད་རྟོགས་པའི་རྗེས་དཔག་གི་རྒྱུན་གོམ་པར་བྱས་པ་ལ་བརྟེན་ནས། གོམ་བྱའི་དོན་ལ་གསལ་སྣང་ཐོབ་ཞེས་གོམ་བྱའི་དོན་ངེས་འཛིན་རྒྱུ་ཡོད་པའི་ཕྱིར། ཕུང་བོ་འཇོག་ན་རྒྱུན་གོམ་པ་ལ་བརྟེན་མི་དགོས་པར་ཐལ། དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར། གང་ཟག་མི་རྟག་པ་འཇོག་ཟེར་ན། འོ་ན་རྣམ་མཁྱེན་གང་ཟག་གི་བདག་མེད་དུ་རྟོགས་པའི་རྣམ་འབྱོར་མངོན་སུམ་ཆོས་ཅན། ཁྱོད་གོམ་བྱའི་དོན་རྣམ་མཁྱེན་མི་རྟག་པ་མངོན་སུམ་དུ་རྟོགས་པར་ཐལ། འདོད་ན ཁྱོད་ཀྱིས་རྣམ་མཁྱེན་མངོན་སུམ་དུ་རྟོགས་པར་ཐལ། འདོད་ན མ་རྟོགས་པར་ཐལ། ཁྱོད་སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། མིག་ལ་སོགས་པའི་ཕར་རོལ་གཟུགས་འཛིན་པ་ལ་ངེས་པར་དགོས་པའི་བར་གྱི་སྣང་བ་ ཡིན་པའི་ཕྱིར། རྣམ་འགྲེལ་ལས། རབ་རིབ་ཅན་སྐྲ་སྣང་དབང་ཤེས་ཆོས་ཅན གཟུང་དོན་མེད་པ་ཅན་ཡིན་ཏེ། རྟོག་མེད་ལོག་ཤེས་ཡིན་པའི་ཕྱིར།྄ སྔ་ཕྱིའི་སྐབས་ཀྱི་ལུང་ཐོ།། ཐར་ལམ་གསལ་བྱེད་ལས། རྟགས་དང་རྩོད་གཞིར་བཟུང་དེ་ཉིད་རང་འབྲས་ནས་ཀྱི་མྱུ་གུ་བསྐྱེད་ངེས་ཡིན་ཡང་དེ་དག་ཡིན་ན་བསྐྱེད་པའི་ཁྱབ་པ་མ་ངེས་ཤིང་།། རུང་བ་ཙམ་གྱི་ཁྱབ་པ་ངེས་སོ།། རྩ་བར། ཚོགས་པའི་འབྲས་བུ་ནུས་པ་རྣམས། འགྱུར་བ་དང་འབྲེལ་འབྲས་བུ་ལ།། མ་ངེས་པ་ནི་ཉིད་ཡིན་ཏེ། གེགས་བྱེད་པ་དག་སྲིད་ཕྱིར་རོ། ྄ སྔ་ཕྱིའི་ཁས་ལེན་འཛིན་ཚུལ།། རང་འབྲས་ནས་མྱུག་བསྐྱེད་རུང་ཡིན་ཚད་འགལ་རྐྱེན་དང་བྲལ་ན་མཐུན་རྐྱེན་གཞན་ཚང་མི་དགོས་ རང་འབྲས་ནུས་མྱུག་བསྐྱེད་ནུས་པ་ཞིག་ལ་ཟེར། དེ་ལྟར་ན་རང་འབྲས་ནས་མྱུག་བསྐྱེད་ངེས་ཡིན་ན་ བསྐྱེད་རུང་ཡིན་པའི་མ་ཁྱབ། དཔེར་རྒྱོ་བའི་ནང་དུ་ཡོད་པའི་སངས་ལོར་ཞིང་ཁ་བཏབ་རྗེས་རང་འབྲས་ནས་མྱུག་བསྐྱེད་པའི་ནས་མྱུག་ལྟ་བུ་ཆོས་ཅན། བསྐྱེད་ངེས་ཡིན་ཚད་རང་འབྲས་ནས་མྱུག་བསྐྱེད་པའམ་མཐའ་གཅིག་ཏུ་རང་འབྲས་ནས་མྱུག་ཡོད་པ་ལ་བྱེད། རྒྱོ་བའི་ནང་ན་ཡོད་པའི་རང་འབྲས་ནས་མྱུག་བསྐྱེད་ངེས་ཀྱི་ནས་ལྡོག་དེ་ཡང་རང་བའྲས་ནས་སྨུག་བསྐྱེད་པའི་ནུས་པ་ཡོད་ལ་མོད། འོ་ན་སོ་སོར་ནུས་མེད་རྣམས།རང་བཞིན་ཁྱད་པ་མེད་པས་ ལ་ཞེས་སོགས་ཀྱི་དོན་ནི་རྒྱུ་ཚོགས་མ་ཚང་ན་རྒྱུ་གཅིག་ལ་རྫོགས་པར་བསྐྱེད་པའི་ནུས་པ་མེད་པའི་དོན་ནོ། ཡང་སྤྱིར་ན་རྒྱུ་ཁ་ཡར་བ་མེད་ལ་རང་འབྲས་ནས་མྱུག་གི་རྒྱུ་ཁ་ཡར་ཡོད་དེ། དེ་ཡིན་ཚད་འགལ་རྐྱེན་གྱིས་དབང་གི་ནས་མྱུག་མི་བསྐྱེད་པ། དཔེར་ན་མེ་ལ་བསྲེག་ཟིན་པའི་ས་བོན་ནོ། སྔ་ཕྱིའི་སྐབས་ཀྱི་རྟགས་གསལ།། རྩ་བར་ཚོགས་པའི་འབྲས་བུ་ནུས་པ་རྣམས། འགྱུར་བ་དང་འབྲེལ་འབྲས་བུ་ལ།། མ་ངེས་པ་ནི་ཉིད་ཡིན་ཏེ། གེགས་བྱེད་པ་དག་སྲིད་ཕྱིར་རོ། འདིའི་དོན་ནི་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ཞིང་ཡིན་ན་རང་འབྲས་ནས་མྱུག་བསྐྱེད་ངེས་ཡིན་པའི་མ་ཁྱབ་སྟེ། དེ་འདྲའི་ཞིང་ཡིན་ནི་འབྲས་ནས་མྱུག་སྐྱེད་པ་དེ་འདྲའི་ཞིང་གི་འབྲས་བུ་བསྐྱེད་པའི་ནུས་པ་སྔ་ཕྱི་རྣམས་གོང་འཕེལ་དུ་འགྱུར་བ་ལྟོས་པ་གང་ཞིག།། དེ་ལྟར་འགྱུར་བ་ལ་གེགས་བྱེད་པ་དག་སྲིད་པའི་ཕྱིར་ཞེས་པ་ལུང་དེའི་དོན། འོ་ན་ནས་ཆུ་ལུད་ཚོགས་པ་ཚངས་བའི་ཞིང་ཡིན་ན། རང་འབྲས་ནས་མྱུག་བསྐྱེད་ངེས་ཡིན་པའི་ཁྱབ་པ་མ་ངེས་ཏེ་ཟེར་ན་རང་འབྲས་བསྐྱེད་ནུས་པ་རྣམས་ལྟོས་གང་ཞིག། དེ་ལྟར་འགྱུར་བ་གེགས་བྱེད་པ་ དག་སྲིད་པའི་ཕྱིར་ཟེར་ན་ དེ་འདྲ་ཞིང་ཆོས་ཅན་ རང་འབྲས་བསྐྱེད་ངེས་མ་ཡིན་པར་ཐལ། དེ་ལྟར་དུ་བལྟོས་པའི་ཕྱིར། ཞེས་དང་། ཐར་ལམ་གསལ་བྱེད་ལས། རྟགས་དང་རྩོད་གཞིར་བཟུང་དེ་ཉིད་རང་འབྲས་ནས་ཀྱི་མྱུ་གུ་བསྐྱེད་ངེས་ཡིན་ཡང་དེ་དག་ཡིན་ན་བསྐྱེད་པའི་ཁྱབ་པ་མ་ངེས་ཤིང་།། རུང་བ་ཙམ་གྱི་ཁྱབ་པ་ངེས་སོ།། སྔ་ཕྱིའི་ཁས་ལེན་འཛིན་ཚུལ།། རང་འབྲས་ནས་མྱུག་བསྐྱེད་རུང་ཡིན་ཚད་འགལ་རྐྱེན་དང་བྲལ་ན་མཐུན་རྐྱེན་གཞན་ཚང་མི་དགོས་ རང་འབྲས་ནུས་མྱུག་བསྐྱེད་ནུས་པ་ཞིག་ལ་ཟེར། དེ་ལྟར་ན་རང་འབྲས་ནས་མྱུག་བསྐྱེད་ངེས་ཡིན་ན་ བསྐྱེད་རུང་ཡིན་པའི་མ་ཁྱབ། དཔེར་རྒྱོ་བའི་ནང་དུ་ཡོད་པའི་སངས་ལོར་ཞིང་ཁ་བཏབ་རྗེས་རང་འབྲས་ནས་མྱུག་བསྐྱེད་པའི་ནས་མྱུག་ལྟ་བུ་ཆོས་ཅན། བསྐྱེད་ངེས་ཡིན་ཚད་རང་འབྲས་ནས་མྱུག་བསྐྱེད་པའམ་མཐའ་གཅིག་ཏུ་རང་འབྲས་ནས་མྱུག་ཡོད་པ་ལ་བྱེད། རྒྱོ་བའི་ནང་ན་ཡོད་པའི་རང་འབྲས་ནས་མྱུག་བསྐྱེད་ངེས་ཀྱི་ནས་ལྡོག་དེ་ཡང་རང་བའྲས་ནས་སྨུག་བསྐྱེད་པའི་ནུས་པ་ཡོད་ལ་མོད། འོ་ན་སོ་སོར་ནུས་མེད་རྣམས།རང་བཞིན་ཁྱད་པ་མེད་པས་ ལ་ཞེས་སོགས་ཀྱི་དོན་ནི་རྒྱུ་ཚོགས་མ་ཚང་ན་རྒྱུ་གཅིག་ལ་རྫོགས་པར་བསྐྱེད་པའི་ནུས་པ་མེད་པའི་དོན་ནོ། ཡང་སྤྱིར་ན་རྒྱུ་ཁ་ཡར་བ་མེད་ལ་རང་འབྲས་ནས་མྱུག་གི་རྒྱུ་ཁ་ཡར་ཡོད་དེ། དེ་ཡིན་ཚད་འགལ་རྐྱེན་གྱིས་དབང་གི་ནས་མྱུག་མི་བསྐྱེད་པ། དཔེར་ན་མེ་ལ་བསྲེག་ཟིན་པའི་ས་བོན་ནོ།
展开阅读全文