རྨི་ལམ་གཅིག _____________________ འཁོར་བའི་ཆེད་དུ་ང་རང་ཡོང་གན་ཡོད།། རྨི་ལམ་ཆེད་དུ་ང་རང་འགྱང་ལ་ཡོད།། རྫོགས་མཐའ་མེད་པའི་ང་ཡི་མི་ཚེ་ཡོད།། ལམ་ལ་ཆེས་ཁུལ་སེམས་ཚོར་ཅོང་ཙམ་ཡོད།། དགའ་སྐྱོ་འདྲིས་མའི་བག་ཡང་བསླད་ནས་ཡོད།། རིན་མེད་ཆེད་དུ་བདག་གི་འབྲི་ནས་ཡོད།། ལྟ་བའི་དྲྭ་གྲོག་སྙིང་ནས་གྱེས་ཕྱག་ཡོད།། འཕྲོག་པའི་ཚིག་གི་སྙན་པ་ག་ལ་ཡོད།། འགྲོ་བའི་ལམ་གྱི་ཚོར་མྱོང་ཙམ་ཞིག་ཡིན།། རྨིས་པའི་ཚིག་ལ་འབྲི་བ་ཙམ་ཞིག་ཡིན།། དགའ་བའི་གཏམ་ལ་ཆགས་པ་ཙམ་ཞིག་ཡིན།། ཨ་རོགས་དགའ་ནས་དྲན་པ་ཙམ་ཞིག་ཡིན།། ༢༠༡༥--༨__༡ཉིན་གསེར་རྟ་ནས་བྲིས། _______________________
展开阅读全文