ཐེད་པོ།
+ 关注 已关注 相互关注
12月13日 2017

ས་སྲོད་ཀྱི་སྨྲེང་གཞས །

ས་སྲོད་ཀྱི་སྨྲེང་གཞས །                              ཐེད་པོ། མཚན་ལྗོངས་ལྕི་བ་རིང་མོ་སྣང་བ་ལ་མ་ཟགས། ། སྲིད་པའི་འཇའ་ཚོན་རིང་མོ་དྲོད་འཇམ་ལ་མ་གཡེང་། ། ཞེ་འདྲེས་སེམས་ཀྱི་མེ་ཏོག་ཉི་འོད་ལ་མ་འདྲེས། ། སྨོན་འདུན་ཚིག་གི་ཟིན་ཐོ་རླུང་བུ་ལ་བསྐུར་ཡོད། ། སྤྲིན་དཀར་འདབ་མ་གཡོ་བའི་ལ་སྒང་གི་དབུས་ན། ། ལོ་མ་དམར་པོ་འཐུ་བའི་ས་སྲོད་ཀྱི་སྨྲེང་གཞས། ། འོད་མདོག་ཧ་ཅང་དཀར་བའི་ཉི་ནུབ་ཀྱི་གྲིབ་མ། ། ང་ལ་གཤོག་པ་གཡར་བའི་མཚན་ལྗོངས་ཀྱི་ལོ་ཟླ། ། འཁོར་བའི་ཐང་ཆེན་སྐོར་བའི་རྨི་ལམ་གྱི་ཞིང་ན། ། སྐྲ་ལོ་དཀར་དཀར་ཟིན་པའི་མི་ཚོགས་ཀྱི་དབུས་ན། ། མིག་ཆུའི་རོལ་དབྱངས་མ་ཟིན་དོ་ཞགས་ཀྱི་འགྲོ་ལམ། ། སྣང་བ་རྒས་འགྲོ་མ་ཟེར་དྭངས་གཙང་གི་ཆུ་བོ། ། སྐྱོ་ཚིག་ལམ་ལ་བསྐྱོད་པའི་མགྲོན་པོ་ཞིག་དྲན་ཁུ། ། རལ་བ་ནག་པོ་བཅད་སའི་ས་སྲོད་དེ་དྲན་ཀི། ། ན་བུན་སྨུག་པོ་འདྲ་བའི་དོ་ཞགས་ཀྱི་དུས་ཚོད། ། སྲིད་པའི་བག་ཆགས་རིང་མོ་ལས་དབང་གིས་ཁྱེར་སོང་། ། བསིལ་རླུང་འཇམ་པོའི་གླུ་གཞས་ཞོགས་ཉི་ལ་འཕྲད་སྐབས། ། མིག་ཆུའི་སྣང་བ་རྒོད་པོ་ཁྱོད་ཉིད་ཀྱིས་འཕྲོག་སོང་། ། སྨྱུག་མའི་སེམས་གཏམ་དྲོན་མོ་ཁྱེད་ཉིད་ལ་བྱིན་འདོད། ། ང་ལ་མི་དགོས་མ་གསུངས་སེམས་ནང་གི་དཀོན་མཆོག ། སང་ཉིན་སང་ཉིན་ཟེར་བའི་ཁ་སང་གི་ལོ་ཟླ། ། ཧ་ཅང་ཧ་ཅང་འཁྱག་པའི་སེམས་ཟུར་གྱི་རྨ་ཁ། ། སྐྱོ་བའི་ཡིག་འབྲུ་བཏབ་པའི་ས་སྲོད་ཀྱི་སྨྲེང་གཞས། ། ཁོ་བོའི་མི་ཚེའི་ཁྲོད་ཀྱི་སྣང་བ་ཞིག་ཡིན་ངེས། །

展开阅读全文


阅读 303 投诉
糖水设置
原创标注
隐藏封面
图片留白
水印
权限
保护 
私密 
公开 

 访客只有输入正确答案才能阅读 
确定
热门评论
写评论

糖水作者
关注本文作者,TA的更多作品
ཐེད་པོ།
创作 9 粉丝 8
关注
查看个人主页
推荐原创
我写我读,原创是内容的灵魂
浏览更多精彩内容

本页面内容由用户上传 | 用户协议

© 2014-2026 糖水APP

忘记密码
0
收藏
投诉
取消
操作
发送
×

作者还没有开通赞赏功能

×

你还没有开通赞赏功能

糖水赞赏实时到账、0手续费