ེ ཧེ་ཙེའི་སྙན་ངག་ཕྱོགས་བསྒྲིགས། • རྩོམ་པ་པོ་ཧེ་ཙེ། • སྒྲ་བསྒྱུར་བ་རྒྱལ་རོང་དུང་འབུད། མཚན་མོ་ནི་ང་རང་ལས་སྔར་ནས་གཉིད་ཟིན མཚན་མོ་ནི་ལྷ་ཡི་རྨ་ཁ་ཡིན་ལ ཁྱེད་ནི་ངའི་རྨ་ཁ་ཡིན མེ་ཏོག་དང་ལུགས་ཚོགས་དག་ནི་བྲག་རྡོ་ཡི་རྨ་ཁའང་ཡིན དོ་དགོང་ང་ཁྱེད་དང་འཕྲད་མི་སྲིད དོ་དགོང་ང་འཛམ་གླིང་སྟེང་གི་ཡོད་ཚད་ལ་ཐུག་ཀྱང ཁྱེད་ལ་ཐུག་མི་སྲིད ལུང་སྟོང་གི་རི་མགོར་འགྲེང་བའི་ལྕམ་མོ་བཞི་བོ རླུང་ལྷག་ཡོད་ཚད་ཁྱོད་ཚོ་ཁོ་ན་དམིགས་ཏེ་གཡོ་འགུལ་བྱེད ཉིན་ཞག་དང་འཚོ་བ་ཡོད་ཚད་ཁོ་ཚོའི་དོན་དུ་དུམ་བུར་གས་ཆགས་སུ་གྱུར ཟླ་བ་གཉིས་པ་སླེབས་བྱུང ཁྱེད་གང་ནས་འོངས་པ་ཡིན འཁྱུགས་མྱངས་པའི་གློག་དམར ཁྱེད་གང་ནས་འོངས་པ་ཡིན རྒྱུས་མེད་ཀྱི་མི་ཞིག་དང་ལྷན་དུ་འོངས་པ་མིན་ཞིང སྐྱེལ་འདྲེན་གྱི་ཤིང་རྟའི་འཁོར་ལོ་དང་མཉམ་དུ་འོངས་བ་མིན་ལ བྱ་ཚོགས་དང་ལྷན་དུ་འོངས་བ་ཡང་མིན ལྕམ་མོ་བཞི་བོས་ཉག་མ་གཅིག་དམ་དུ་འཁྱུད ཉག་མ་དེ་ནི་མཁའ་དབུགས་ཀྱི་ཁྲོད་ནས་གྲོ་མ་ཡིན་ལ ཁ་སང་ནས་འཁྱུད་པའི་ཁ་བ་ནི དེ་རིང་གི་ཆར་ཆུ་ཡིན སང་ཉིན་གྱི་འབྲུ་རིགས་དང་ཚིག་རོ འདི་ནི་རེ་ཐག་ཆད་པའི་གྲོ་མ་ཡིན འདི་ནི་རེ་ཐག་ཆད་པའི་གྲོ་མ་ཡིན དེ་ནི་རྒྱུན་ལྡན་ཞིག་རེད ལྷག་རླུང་གི་རྒྱབ་ནི་ལྷག་རླུང་རེད་ལ སྔོ་སེང་སེང་གི་ནམ་མཁའི་ཡང་སྟེང་ནི་ནམ་མཁའ་རེད གཞུང་ལམ་གྱི་མདུན་ནི་གཞུང་ལམ་རེད་ཅེས ཁྱོད་ཀྱིས་ལྕམ་སྲིང་བཞི་བོར་ཤོད་རོགས ངས་ནམ་མཁའ་དང་ས་གཞི་ལ་གཙང་སིང་སིང་དུ་བྱས་ཀྱང ངོ་མི་ཤེས་པའི་མི་ལ་དབང་བས་ཕྱིར་སྤྲད ང་ཡིས་ཁེར་རྐྱང་གི་ངང་ནས་སྒུག སྒུག སྨྲ་བ་ཅི་ཡང་མེད་པའི་ཁུ་སིམ་སིམ་གྱིས་སྒུག ཟླ་གཉིས་པའི་ཁ་བ ཟླ་གཉིས་པའི་ཆར་བ གཙང་བོ་ནི་དམིགས་མེད་ཀྱིས་བཞུར་ཅིང མེ་ཏོག་ཀྱང་སུའི་དོན་དུ་བཞད་པ་ཡིན ནམ་ཡིན་ཡང་འདི་ལྟར་མཛེས་པའི་རྨས་སྐྱོན་ཤོར་བའི་གྲོ་མས དྲི་ཞིམ་གྱི་སྙེ་མ་བཏང་ནས རི་རྩེར་ལང་ནས་ཡོད ཆེས་མཐའ་མཇུག་གི་དབྱར་དུས མེ་ལྟར་དམར་བའི་སྐྱུ་རུ་རའི་སྡོང་བོ་ཞིག མཐོ་ཞིང་བརྗིད་པའི་ལྷ་མོའི་ལྕགས་རྟ་ཞིག་དང་འདྲ་ལ མཛེས་པའི་བུ་མོ་ཞིག་དང་ཡང་འདྲ འཇིགས་རུང་གི་རི་ཚོགས་ཀྱི་སྒོ་འགྲམ་ན ངག་གིས་དབུལ་བའི་བུ་མོ་ཞིག་རྒྱུག འོན་ཀྱང་ངའི་ཕྱོགས་སུ་རྒྱུག་པར་ཡིན་མི་སྲིད སང་ཉིན་གྱི་སྐྱ་རེངས་ཤར་བ་ནས་བཟུང གཉེན་ཉེ་རེ་རེར་འཕྲིན་ཡིག་ཅིག་བསྐུར འཕྲིན་ཡིག་དེ་རུ་ངའི་བདེ་སྐྱིད་ཀྱི་འཚོ་བ་བྲིས་ཡོད ངའི་བདེ་སྐྱིད་མི་རེ་རེར་བཤད་དགོས་པ་ནི བདེ་སྐྱིད་ཀྱི་གློག་དམར་དེས་ང་ལ་བཤད་པ་ཡིན ངས་གཙང་བོ་དང་རི་རབ་དག་ལ་དྲོད་འཇམ་གྱི་མིང་ཞིག་བཏགས ངོ་མི་ཤེས་པའི་མི་ལགས ངས་ཁྱེད་ལ་སྨོན་འདུན་ཞུ ཁྱེད་ལ་འོད་ཆེམ་ཆེམ་གྱིས་འབར་བའི་མདུན་ལམ་ཞིག་ཡོད་པར་སྨོན ཁྱེད་ལ་མཐར་ཐུག་གི་དགའ་རོགས་ཤིག་ཡོད་པར་སྨོན ཁྱེད་ཀྱིས་སྲིད་ཁམས་ན་བདེ་སྐྱིད་ཅིག་འཐོབ་པར་སྨོན ངས་གཏིང་མཐའ་བྲལ་བའི་རྒྱ་མཚོར་བལྟ་བ་དང དཔྱིད་དྲོད་ཀྱི་མེ་ཏོག་ཙམ་བཞད་པར་སྨོན
海子的诗集 著• 海子 黑夜比我更早睡去 黑夜是神的伤口 你是我的伤口 羊群和花朵也是岩石的伤口 今夜我不会遇见你 今夜我遇见了世上的一切 但不会遇见你。 荒凉的山冈上站着四姐妹 所有的风只向她们吹 所有的日子都为她们破碎 到了二月,你是哪里来的 天上滚过春天的雷,你是从哪里来的 不和陌生人一起来 不和运货马车一起来 不和鸟群一起来 四姐妹抱着这一棵 一棵空气中的麦子 抱着昨天的大雪,今天的雨水 明天的粮食与灰烬 这是绝望的麦子 请告诉四姐妹:这是绝望的麦子 永远是这样 风后面是风 天空上面是天空 道路前面还是道路 我把天空和大地打扫得干干净净 归还给一个陌不相识的人 我寂寞地等,我阴沉地等。 二月的雪,二月的雨。 泉水白白流淌 花朵为谁开放 永远是这样美丽负伤的麦子 吐着芳香,站在山冈上 一棵夏季最后 火红的山楂树 像一辆高大女神的自行车 像一女孩 畏㥍群山 呆呆站在门口 她不会向我 跑来! 从明天起,和每一个亲人通信 告诉他们我的幸福 那幸福的闪电告诉我的 我将告诉每一个人 给每一条河每一座山取一个温暖的名字 陌生人,我也为你祝福 愿你有一个灿烂的前程 愿你有终成眷属 愿你在尘世获得幸福 我只愿面朝大海,春暖花开。
展开阅读全文