སྒང་བརྩོན་འགྲུས་དར་རྒྱས་ནི་ནང་ཆེན་རྫོང་སྡོམ་པ་ཞང་གོ་གཞུང་རུ་ཁག་གི་མི་ཡིན། ཉེ་ཆར་ཁོ་ཡི་ཀླད་པའི་ནང་དུ་ཁྲག་སོང་སྟེ་ཟི་ལིང་གི་རྒྱ་གྲམ་དམར་པོའི་སྨན་ཁང་ནང་དུ་སྨན་བཅོས་བྱེད་བཞིན་ཡོད། ཡིན་ནའང་ཁྱིམ་གྱི་ཆ་རྐྱེན་ཞན་པ་དང་སྨན་གྱི་རིན་གོང་མཐོ་བ་སོགས་ཀྱི་དབང་གིས་སྔར་ཡོད་ཀྱི་དཔལ་འབྱོར་ཚང་མ་འགྲོ་སོང་བཏང་ཚར་ཞིང་། ད་ནི་ཚེ་སྲོག་གི་འཇིག་ཉེན་ལ་ཐུག་སྟེ་སྐྱི་གཡའ་བའི་གནས་སུ་གྱུར་འདུག་པས། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་རྗེའི་ལགས་ཟུང་རིང་དུ་བརྐྱང་སྟེ་ཕྱོགས་སོ་སོ་ནས་དཔལ་འབྱོར་གྱི་རོག་སྐྱོར་ཕྲན་བུ་རེད་གནང་བཞིན་ཉམ་ཆུང་གི་ནད་པ་འདི་མི་ཡུལ་དུ་འཚོ་སྡོད་བྱེད་པའི་གོ་སྐབས་ཤིག་བསྩལ་མཛད་རོགས། ཐུགས་རྗེ་ཆེ། ཞོར་དུ་བརྒྱུད་བསྐུར་མང་ཙམ་བྱས་ཏེ་ནད་པ་འདི་འཆི་ཉེན་ལས་དགྲོལ་ཐུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཁྱོད་རང་སྙིང་རྗེ་དང་བྱམས་བརྩེ་ལ་དགའ་ན། ཁྱོད་རང་མི་རིགས་དང་སྤུན་ཟླ་ལ་དུང་ན། ཁྱོད་རང་དཀའ་ཁག་དང་མནར་གཅོད་ཀྱི་འཇིགས་པ་དང་འཕྲད་མྱོང་ན། ཉམས་ཐག་པའི་དབུལ་པོ་འདི་ལ། འཆི་ལ་ཉེ་བའི་ནད་པ་འདི་ལ། ཐུགས་རྗེའི་ལག་ཟུངས་རིང་དུ་བརྐྱང་སྟེ། རང་ནུས་ཀྱིས་རྒྱབ་སྐྱོར་རེ་མ་བརྗེད།
གོང་གི་འབྲེལ་བྱང་ལས་བརྒྱུད་དེ་ཁུག་དམར་གྱི་སྦྱིན་པ་རེ་གནང་བར་མཁྱེན་མཁྱེན། ལས་རིག་འདི་ནད་པའི་འབྲེལ་ཡོད་ཀྱི་མི་སྣ་ཁག་དང་ཚོགས་པ་ཁག་གིས་བསྒྲུབ་བཞིན་ཡོད་པ་ལགས་ན། རྫུན་པར་དོགས་ན་གོང་གི་འབྲེལ་བྱང་ལས་བརྒྱུད་དེ་གནས་ཚུལ་འདྲི་ཆོག མཇུག་མཐར་ཉམས་ཐག་པའི་ནད་པ་འདིའི་ཚབ་བྱས་ཏེ། ཁྱེད་ཚོར་རྒྱབ་སྐྱོར་དང་ཐུགས་ཁུལ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཞུ་གི་ཡོད།
(དྲྭ་ཐོག་རོགས་སྐྱོར་ཚོགས་པ་ནས་སྤེལ།)
展开阅读全文